From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྦྱོར་བ་བྱེ་བྲག་གི་སྒྲུབ་པ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། སྦྱོར་བཞིའི་སྐབས་སུ་བསྟན་པའི་སྒྲུབ་པ་རྣམས་ལ་སྦྱོར་བ་བྱེ་བྲག་གི་སྒྲུབ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་རྣམས་གཙོ་བོར་ཕྱིན་དྲུག་ཉམས་ལེན་གྱི་ལྡོག་ཆ་ནས་དངོས་སུ་བསྟན་པའི་ཕྱིར། དེས་ན་མཁྱེན་པ་ཡུལ་གྱི་སྒྲུབ་པ་དང་སྦྱོར་བ་བྱེ་བྲག་གི་སྒྲུབ་པ་གཉིས་པོ་དེ་འགལ་བ་མིན་ཏེ། བྱང་སེམས་ཀྱི་སྒྲུབ་པ་དེ་མཁྱེན་པ་ཡུལ་གྱི་སྒྲུབ་པ་ཡིན་པ་གང་ཞིག །དེ་སྦྱོར་བ་བྱེ་བྲག་གི་སྒྲུབ་པ་ཡང་ཡིན་པའི་ཕྱིར།
|
| Domain
|
ཆོས་ལུགས།
|
སྦྱོར་བ་བྱེ་བྲག་གི་སྒྲུབ་པ་ (2)
| Part of speech
|
མིང་ཚིག
|
| Definition
|
ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་ཉམས་ལེན་གྱི་བྱ་བས་ཟིན་པའི་སེམས་དཔའི་རྣལ་འབྱོར། མཚན་གཞི་ནི། སྦྱོར་བཞིའི་སྐབས་སུ་བསྟན་པའི་དེ་ལྟ་བུའོ། །
|
སྦྱོར་བ་བྱེ་བྲག་གི་སྒྲུབ་པ་ (3)
| Part of speech
|
མིང་ཚིག
|
| Definition
|
ཕྱིན་དྲུག་ཉམས་ལེན་གྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར། དེ་ལ་ས་མཚམས་ཀྱི་སྒོ་ནས་དབྱེ་ན། གོ་སྒྲུབ། འཇུག་སྒྲུབ། ཚོགས་སྒྲུབ། ངེས་འབྱུང་སྒྲུབ་པ་རྣམས་སུ་ཡོད།
|