101750

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བ་མཉམ་ཉིད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བྱང་སེམས་སྦྱོར་ལམ་པའི་མཉམ་བཞག་ནི་ཆོས་ཅན། སྦྱོར་བའི་མཉམ་པ་ཉིད་ཡིན་ཏེ། གཟུགས་སོགས་ཀྱི་ངོ་བོ་ལ་མངོན་པར་ཞེན་པ་དང་། ཁྱད་པར་སྔོན་པོ་ལ་སོགས་པའི་མཚན་མ་དང་དབྱེ་བའི་སྤྲོས་པ་དང་ཡུལ་ཅན་སྦྱོར་བ་ལ་སོགས་པའི་རྟོགས་པ་ལ་རློམ་པ་རྣམས་རྣམ་པ་ཐམས་ཅད་དུ་བདེན་པར་མི་དམིགས་པར་མཉམ་པ་ཉིད་དུ་རྟོགས་ནས་བསྒོམ་པའི་རྣལ་འབྱོར་ཡིན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། གཞི་ཤེས་སྦྱོར་བའི་ཡུལ་ཡུལ་ཅན་ལ་རློམ་པ་མི་དམིགས་པར་མཉམ་པ་ཉིད་དུ་རྟོགས་ནས་སྒོམ་པའི་བྱང་སེམས་ཀྱི་རྣལ་འབྱོར་རོ། །ཞེས་སྦས་དོན་རབ་གསལ་ལས་གསུངས་ལ། པཎ་ཆེན་ཤཱཀ་མཆོག་གིས། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་རློམ་པ་རྣམ་པ་བཞི་བཀག་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་དེ། སྦྱོར་བ་མཉམ་ཉིད་ཀྱི་མཚན་ཉིད། །རློམ་པ་རྣམ་པ་བཞི་ནི། གཟུགས་ལ་སོགས་པའི་ངོ་བོ་ལ་མངོན་པར་ཞེན་པ་དང། ཁྱད་པར་སྔོན་པོ་ལ་སོགས་པའི་མཚན་མར་ཞེན་པ་དང། གཟུགས་རྣམ་པ་ཉི་ཤུ་ལ་སོགས་པའི་དབྱེ་བ་ལ་མངོན་པར་ཞེན་པ་དང། ངེས་འབྱེད་ཆ་མཐུན་ལ་སོགས་པ་རྟོགས་པའི་རློམ་པ་བཀག་ནས་སྒོམ་པའོ། །ཞེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྦྱོར་བ་མཉམ་ཉིད་

|; |@@@ | | }}