From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྦྱོར་བ་མི་ཟད་པ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་ལས་བྱུང་བ་སྟེ། ཡི་གེ་དང་རྩིས་དང་ལག་རྩིས་ལས་སོགས་པ་ཤེས་པ་ནི་བགྲང་བ་རྟོགས་པའི་སྦྱོར་བ་མི་ཟད་པ། བྲེ་དང་སྲང་ལ་སོགས་པས་གཞལ་བ་ཤེས་པ་ནི་གཞལ་བ་རྟོགས་པའི་སྦྱོར་བ་མི་ཟད་པ། གོས་དང་རིན་པོ་ཆེ་ལ་སོགས་པ་བརྟག་པ་ཤེས་པ་ནི་དཔྱད་པ་རྟོགས་པའི་སྦྱོར་བ་མི་ཟད་པ། མི་དང་གླང་པོ་ཆེ་དང་རྟ་ལ་སོགས་པའི་ཤ་མཚན་དང་དཔྱད་པ་ལ་སོགས་པ་ཤེས་པ་ནི་སོ་སོར་བརྟག་པ་རྟོགས་པའི་སྦྱོར་བ་མི་ཟད་པའོ། །
|
| Domain
|
ཆོས་ལུགས།
|
སྦྱོར་བ་མི་ཟད་པ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
སྡུག་བསྔལ་བ་དང་ཀུན་འབྱུང་བ་རྟོགས་པ་ལ་སྦྱོར་བ་མི་ཟད་པ། འགོག་པ་དང་ལམ་རྟོགས་པ་ལ་སྦྱོར་བ་མི་ཟད་པ། ཀུན་ནས་ཉོན་མོངས་པ་ཉེས་དམིགས་བརྗོད་པའི་སྦྱོར་བ་མི་ཟད་པ། རྣམ་པར་བྱང་བའི་ཕན་ཡོན་བརྗོད་པའི་སྦྱོར་བ་མི་ཟད་པའོ། །
|