101763

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བ་རྒྱུན་གྱི་ཏིང་ངེ་འཛིན་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ཏིང་ངེ་འཛིན་འདི་མདོ་དགོངས་པ་འདུས་པར་མཚན་བཅས་གཅིག་ཆར་བའི་ཏིང་ངེ་འཛིན་གྱི་ཁོངས་གཏོགས་ཆོས་རྒྱུན་ཆེན་པོའི་ཏིང་འཛིན་གྱི་ནང་གསེས་སུ་གསུངས་ཏེ། མདོ་འགྲེལ་མུན་པའི་གོ་ཆ་ལས། སྦྱོར་བ་རྒྱུན་གྱི་ཏིང་ངེ་འཛིན་ནི། དེ་དང་དེ་ཡི་དབྱིངས་ཉིད་ལས། །ཞེས་པ་དག་སྟེ་སྣོད་དང་བཅུད་ཀྱི་ངོ་བོ་རིལ་དབྱིངས་ཉིད་ལས་མུ་མཐའ་མེད་པ་ལ། རང་གི་རིག་པ་ལའང་དེ་ཁོ་ན་ཉིད་ཡིན་པའི་དངོས་པོ་དང༌། དེ་རྟོགས་པར་བྱེད་པའི་ཐབས་གཞན་སྦྱོར་བ་མེད་དེ། དེ་ཉིད་ཡེ་ནས་ཡིན་པར་ཐག་ཆོད་པས་གཞན་དུ་མི་ཚོལ་བས་ཤེས་རབ་རང་རིག་མུ་མཐའ་བྲལ་བ་ལས། ཐབས་དེ་ཉིད་ཡེ་ཤེས་སུ་མ་འགགས་པར་རང་གསལ་བ་དུས་གསུམ་དུ་གཉིས་སུ་མེད་པར་སྦྱོར་བས་མཇལ་བ་ཉིད་དོ། །ཞེས་པ་ལྟར། གཟི་ལྡན་འཆར་ཁའི་འོད་སྣང་ལས། སྣོད་དུ་གྱུར་པ་དེ་དང་བཅུད་དུ་སྣང་བ་དེ་ཡི་ངོ་བོ་རིལ་ཉིད་དབྱིངས་མུ་མཐའ་མེད་པ་ཉིད་ལ། རང་གི་རིག་པའང་དེ་ཁོ་ན་ཉིད་ཡིན་པས་དངོས་པོ་གང་དང་དེ་ཉིད་རྟོགས་པར་བྱེད་པ་གང་གི་ཐབས་གཞན་སྦྱོར་བ་མེད་དེ། དེ་ཉིད་ཡེ་ནས་ཡིན་པར་ཐག་ཆོད་དེ་གཞན་དུ་མི་ཚོལ་བས་ཤེས་རབ་རང་རིག་མུ་མཐའ་བྲལ་བ་ལས། ཐབས་དེ་ཉིད་ཡེ་ཤེས་སུ་མ་འགགས་པར་རང་གསལ་བ་ཉིད་འདུ་འབྲལ་མེད་པར་རྟོགས་པས་ན་དུས་གསུམ་དུ་གཉིས་སུ་མེད་པས་སྦྱོར་བ་ཆེན་པོ་རྒྱུན་མི་འཆད་པར་མཇལ་བ་ཉིད་དོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སྦྱོར་བ་རྒྱུན་གྱི་ཏིང་ངེ་འཛིན་

|; |@@@ | | }}