101764

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བ་རྣམ་དག་ (1)
Part of speech མིང་ཚིག
Definition ལྔ་བསྡུས་ཀྱི་ནང་ཚན་ཞིག་སྟེ། མིའི་སྣང་ཚུལ་ལྟར་ས་ལྒང་ལྟེ་བར་བྱས་ནས་གནམ་ངོར་བཀོད་པའི་རྒྱུ་སྐར་ཉེར་བདུན་གྱི་གོ་ལའི་སྟེང་དུ་ཉི་མ་དང་ཟླ་བའི་གཉིས་ཀ་ཆ་སྙོམས་ཅི་ལྟར་ལོངས་སུ་སྤྱོད་པའི་ཚད་སྟོན་པའི་ཨང་གྲངས་དེ་ལ་ཟེར་ཞིང་། དེ་ཡང་རྒྱུད་རང་ནས་གསལ་ཁ་མེད་སྟབས་མཁས་དབང་འགའ་ཞིག་གིས་ཚེས་འཁྱུད་ཟླ་སྐར་དང་ཉི་དག་ལྷན་དུ་སྦྱོར་ཞེས་གྲགས་ལ། འགའ་ཞིག་གིས་རེས་འགྲོགས་ཟླ་སྐར་དང་ཉི་དག་གཉིས་མཉམ་དུ་སྦྱོར་བ་ལ་ཟེར། རིགས་ལྡན་སྙིང་ཐིག་ལས། ཉི་ཟླ་གཉིས་བསྲེས་སྦྱོར་བ་འགྲུབ། །ཅེས་གསུངས། སྦྱོར་བ་འདིའི་བརྩི་བྱ་ནི་ཡུལ་གྱི་ལོངས་སྤྱོད་ཡིན་པ་དང་དེ་ཡང་ཆ་ཉེར་བདུན་དུ་བྱས་ཡོད་མོད། རྒྱུ་སྐར་གང་གི་ཡང་མིང་འདོགས་མེད་པར་སེལ་བ་དང་མཛའ་བོ་སོགས་ཐ་སྙད་ལོགས་སུ་བཏགས་ཡོད། འདས་ལུས་ནི་ཉི་དག་དང་ཟླ་བ་བཞིན་འདས་པར་འཇོག་དགོས་ལ། ཡུན་ཚད་ནི་ཉིན་སྔ་མའི་སྦྱོར་བ་དེས་ཉིན་ཕྱི་མའི་སྦྱོར་བ་ལ་ཕྲི་ལྷག་དེའི་ཡུན་ཚད་ལོངས་སྤྱོད་འཆར་བ་འགྱུར་རོ། །རིགས་ལྡན་སྙིང་ཐིག་ལས། སྦྱོར་བ་ཉི་ཟླ་ལས་བྱུང་བ། །ཞེས་བྱུང་།
Domain རྩིས་རིག

{{#arraymap:སྦྱོར་བ་རྣམ་དག་

|; |@@@ | | }}