101773

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བ་སྒོམ་པའི་རྟེན་གྱི་གང་ཟག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། མཁྱེན་གསུམ་གྱི་རྣམ་པ་སྒོམ་པའི་བྱང་ཆུབ་སེམས་དཔའ་ཞིག་ལ་སྦྱོར་བ་སྒོམ་པའི་རྟེན་གྱི་གང་ཟག་ཅེས་ཟེར། གང་ཟག་དེའི་ཁྱད་ཆོས་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །བྱང་སེམས་ཚོགས་ལམ་པ་ཆོས་ཅན། གཞུང་ལམ་འབྲས་བུའི་ཤེར་ཕྱིན་འདི་མཉན་པའི་སྣོད་ཡིན་ཏེ། སྔོན་སངས་རྒྱས་རྣམས་ལ་བཀུར་བསྟི་སོགས་ལྷག་པར་བྱ་བ་བྱས་པ་དང༌། དེ་ལ་བསོད་སྙོམས་འབུལ་བ་སོགས་དགེ་བའི་རྩ་བ་བསྐྲུན་པ་དང༌། ཐེག་པ་ཆེན་པོའི་དགེ་བའི་བཤེས་ཀྱི་མགོན་དང་བཅས་པ་ཡིན་པའི་ཕྱིར། སངས་རྒྱས་བསྟེན་དང་ཀུན་འདྲི་དང༌། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས། །ལེན་དང་འཛིན་པ་ལ་སོགས་པ། །སྣོད་དུ་དམ་པ་རྣམས་བཞེད་དོ། །ཡུམ་འདིའི་གཞུང་བློ་ལ་ལེན་པ་དང༌། དོན་མི་བརྗེད་པར་འཛིན་པ་ལ་སོགས་པའི་སྣོད་དུ་དམ་པ་རྣམས་བཞེད་དེ། སངས་རྒྱས་གྲངས་མེད་པ་ཡོངས་འཛིན་དུ་བསྟེན་པ་དང༌། ཐེ་ཚོམ་ཟ་བའི་ཚིག་དོན་ཀུན་འདྲི་བ་དང༌། དྲིས་པའི་དོན་སྦྱིན་པ་དང༌། ཚུལ་ཁྲིམས་སོགས་ཚུལ་བཞིན་དུ་སྤྱོད་པས་ཉམས་སུ་ལེན་པའི་ཕྱིར། གསུམ་པ་ནི། ཡང་དེ་ཆོས་ཅན། གོ་རིམ་ཇི་ལྟ་བར་ཤེས་རྣམ་བརྒྱ་བདུན་ཅུ་རྩ་གསུམ་གྱིས་བསྡུས་པའི་རྣམ་པའི་མཚན་ཉིད་ཅན་གྱི་ཡུམ་འདིའི་གཞུང་མཉན་པ་དང༌། ཚིག་འཛིན་པ་དང༌། དོན་མི་བརྗེད་པ་དང༌། སྒྲུབ་པ་རྫོགས་པར་བྱེད་པ་ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་ཉིད་ཡིན་པར་སངས་རྒྱས་ལ་སོགས་པ་བཞེད་དེ། འདས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་རྣམས་ལ། སྤྱིར་གཙུག་ལག་ཁང་འབུལ་བ་ལ་སོགས་པའི་དགེ་བའི་རྩ་བ་བསྐྲུན་ཅིང་སྦྱངས་པ་དང༌། དེ་བཞིན་གཤེགས་པ་རྣམས་ལ་ལུས་ལ་སོགས་པའི་བསྙེན་བཀུར་གྱིས་མཉེས་པར་བྱས་པ་དང༌། དེ་ལ་ཐེ་ཚོམ་གྱི་དོན་ཡོངས་སུ་འདྲི་བ་དང༌། དྲིས་པའི་དོན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་སྒྲུབ་པ་དང་ལྡན་པ་དང༌། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་དག་གིས་བྱིན་གྱིས་བརླབས་པ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སྦྱོར་བ་སྒོམ་པའི་རྟེན་གྱི་གང་ཟག་

|; |@@@ | | }}

སྦྱོར་བ་སྒོམ་པའི་རྟེན་གྱི་གང་ཟག་ (2)
Part of speech མིང་ཚིག
Definition སྦྱོར་བ་སྒོམ་པའི་རྟེན་གྱི་གང་ཟག་གི་མཚན་ཉིད། སངས་རྒྱས་ལ་བཀུར་བསྟི་སོགས་ཀྱི་སྒོ་ནས་དགེ་རྩ་གསོག་པ་ལ་མཁས་པའི་སེམས་དཔའ། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་མ་ཐོབ་པའི་སྔ་རོལ་ནས་ཀྱང་ཡོད་དོ། །

{{#arraymap:སྦྱོར་བ་སྒོམ་པའི་རྟེན་གྱི་གང་ཟག་

|; |@@@ | | }}