101784

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བའི་བསྙེན་སྒྲུབ་བཞི་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་སྒྲུབ་པ་ལ། བར་ཆད་མེད་པའི་ཚོགས་སྒྲུབ་ཀྱི་སྐབས་ནས་བསྟན་པའི་བསྙེན་སྒྲུབ་བཞིའི་ཡ་གྱལ་ལས་གསུམ་པ་སྟེ། ཡིད་ཀྱི་མུན་སེལ་ལས། གསུམ་པ་སྦྱོར་བའི་བསྙེན་སྒྲུབ་བཞི་ནི། ཡུམ་མཚན་ལྡན་བཙལ་ནས་ཆས་སུ་ཞུགས་པ་བསྙེན་པ། འདོད་པའི་བདེ་བ་རྒྱས་པར་བྱེད་པ་ཉེ་བའི་བསྙེན་པ། ཕྱག་རྒྱ་བཞིའི་རོལ་པ་སྒྲུབ་པ། བྱང་ཆུབ་ཀྱི་སེམས་མཁར་ཕབ་སྟེ་སེམས་ལྔ་རིམ་པར་སྐྱེ་བ་སྒྲུབ་པ་ཆེན་པོའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྦྱོར་བའི་བསྙེན་སྒྲུབ་བཞི་

|; |@@@ | | }}