101786

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བའི་མཚན་ཉིད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བྱང་སེམས་ཀྱིས་བསྒོམ་པར་བྱ་བའི་ལམ་ཤེར་ཕྱིན་གྱི་རྣལ་འབྱོར་མཚོན་པར་བྱེད་པའི་བྱེད་ཆོས་ཤིག་ལ་སྦྱོར་བའི་མཚན་ཉིད་ཅེས་འཇོག སྦྱོར་བའི་མཚན་ཉིད་བསྟན་པའི་དགོས་པ་གྲངས་ངེས་ཚུལ་ནི། པཎ་ཆེན་ཕར་ཕྱིར་རྩ་ཊཱིཀ་ལས། སྐབས་འདིར་ལམ་ཤེར་ཕྱིན་གྱི་མཚན་ཉིད་བསྟན་པ་ལ་དགོས་པ་ཡོད་དེ། མཚོན་བྱེད་གང་གིས་ལམ་ཤེར་ཕྱིན་གྱི་རྣལ་འབྱོར་དུ་མཚོན་ནུས་པ་དེའི་མཚན་ཉིད་དུ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། འདིར་བསྟན་མཚན་ཉིད་དེ་ཡང་རྣམ་པ་གསུམ་དུ་ཡོད་དེ། མཁྱེན་གསུམ་སྦྱོར་བ་མཚོན་བྱེད་ཤེས་པའི་མཚན་ཉིད་དང༌། ཉན་རང་གི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པའི་སྦྱོར་བར་མཚོན་བྱེད་ཁྱད་པར་གྱི་མཚན་ཉིད་དང༌། གཞན་དོན་བསྒྲུབ་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པའི་སྦྱོར་བར་མཚོན་བྱེད་བྱེད་པའི་མཚན་ཉིད་དེ་རྣམས་ཡོད་པའི་ཕྱིར། སྐབས་འདིར་སྦྱོར་བའི་ངོ་བོ་ཉིད་བཅུ་དྲུག་བསྟན་པ་ལ་དགོས་པ་ཡོད་དེ། སྦྱོར་བའི་ངོ་བོ་ཉིད་གང་མཚོན་པར་བྱ་བའི་མཚོན་བྱ་དང༌། མཚན་གཞི་ཡང་སྦྱོར་བའི་མཚན་ཉིད་ཀྱི་སྒྲས་བསྟན་པའི་སྒོ་ནས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། བྱེད་པར་སྒྲུབ་པས་འདིས་སྦྱོར་བ་རྣམས་མཚོན་པར་བྱེད་པས་ན་མཚན་ཉིད་ཅེས་མཚན་ཉིད་ཀྱི་སྒྲ་བྱེད་པ་ལ་འཇུག་པའི་ཚེ་ཤེས་པ་དང་ཁྱད་པར་དང་བྱེད་པ་གསུམ་ལ་མཚན་ཉིད་ཀྱི་སྒྲ་འཇུག་སྟེ། ཤེས་ཁྱད་བྱེད་པ་གསུམ་པོ་དེ་རྣམས་བྱང་སེམས་ཀྱི་མཁྱེན་གསུམ་སྦྱོར་བའི་སྤྱི་དང་བྱེ་བྲག་ཅི་རིགས་པར་མཚོན་བྱེད་ཡིན་པའི་ཕྱིར། འདི་མཚོན་པར་བྱ་བས་ན་མཚན་ཉིད་ཅེས་མཚན་ཉིད་ཀྱི་སྒྲ་ལས་སུ་སྒྲུབ་པའི་ཚེ་ངོ་བོ་ཉིད་མཚན་ཉིད་ལའང་མཚན་ཉིད་ཀྱི་སྒྲ་འཇུག་སྟེ། དེ་རྣམས་མཚོན་པར་བྱ་བའི་གཞི་ཡིན་པའི་ཕྱིར། མཚན་ཉིད་ཀྱི་སྒྲ་འཇུག་པའི་གཞི་ནི་རྣམ་པ་བཞིར་ཤེས་པར་བྱ་སྟེ། དེ་ལྟར་སྒྲུབ་ཟིན་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྦྱོར་བའི་མཚན་ཉིད་

|; |@@@ | | }}