101789

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བའི་འབྲས་བཤད་ཉི་ཤུ་རྩ་བདུན་ (1)
Part of speech མིང་ཚིག
Definition ༡ སེལ་བ་ལས་སེལ་བྱེད་པ་བཟང་། །༢ འཛིན་པ་ཀུན་དང་མཛའ་བ་ཡིན། །༣ ཚེ་ལྡན་ཚེ་རིང་དཔལ་ཐོབ་བོ། །༤ སྐལ་བཟང་ཕུན་སུམ་ཚོགས་པ་ཡིན། །༥ བཟང་པོ་ཀུན་གྱི་ཡིད་དུ་འོང་། །༦ རབ་སྟོང་ནོར་ཕྱུག་ཟད་པར་འགྱུར། །༧ ལས་བཟང་ཕྱི་མའི་ལམ་སྣ་ཟིན། །༨ འཛིན་པ་ནོར་བུ་ལོངས་སྤྱོད་རྙེད། །༩ གཟེར་ལ་དོན་བྱས་གནོད་པ་ཆེ། །༡༠ འབྲས་ནི་ཀླུ་ནད་ལྡང་བ་ཡིན། །༡༡ འཕེལ་བ་ནོར་འཕེལ་ཀུན་ལ་བཟང་། །༡༢ དེས་པ་རྟག་ཏུ་དགྲ་རྣམས་འཇོམས། ༡༣ རྨ་ཆེན་འབྲིང་སྟེ་མཛེ་ནད་ལྡང་། །༡༤ དགའ་བ་འབྲིང་ཡིན་ཚེ་ལ་དགའ། །༡༥ རྡོ་རྗེ་འདོད་པ་ཐམས་ཅད་འགྲུབ། །༡༦ དངོས་གྲུབ་ཅི་བསམ་འགྲུབ་པ་ཡིན། །༡༧ ཀུན་བརྡུངས་བྱེས་སུ་འགྲོ་ན་ངན། །༡༨ དཔའ་བོ་དགྲ་ལས་རྒྱལ་བ་ཡིན། །༡༩ ཡོངས་འཇོམས་བཙོན་དུ་འཆི་བར་འགྱུར། །༢༠ ཞི་བ་འབྲས་བུ་ངེས་པར་ཐོབ། ༢༡ གྲུབ་པ་བསམ་པ་ཐམས་ཅད་འགྲུབ། །༢༢ གྲུབ་བྱ་ཚོང་ལ་འགྲོ་བ་བཟང་། །༢༣ དགེ་བ་གསོན་སྟོན་བྱེད་པ་བཟང་། །༢༤ དཀར་པོ་འགྲོ་འདུག་བྱེད་ན་བཟང་། །༢༥ ཚངས་པ་ལྷ་ཡི་གོ་འཕང་ཐོབ། །༢༦ དབང་པོ་སློབ་གཉེར་བྱེད་པ་བཟང་། །༢༧ ཤ་འཁོན་བུ་མེད་མཛའ་དང་འགྲས། །སྦྱོར་བ་རྣམས་ལ་གང་བྱེད་ཀྱང་། །སྦྱོར་བ་ངན་པ་འདི་རྣམས་ཡིན། །དྲུག་དགུ་བཅུ་དང་བཅུ་གསུམ་དང་། །བཅོ་བརྒྱད་ངན་སྤང་གཞན་རྣམས་འབྲིང་། །རང་སྐྱེས་གསུམ་དང་ལྔ་བདུན་དང་། །གཉིས་དང་བརྒྱད་དྲུག་བཟང་བར་བཤད། །བཟང་བ་རྣམས་ལ་དགེ་ལས་དང་། །ངན་པ་རྣམས་ལ་སྡིག་ལས་བཟང་། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སྦྱོར་བའི་འབྲས་བཤད་ཉི་ཤུ་རྩ་བདུན་

|; |@@@ | | }}