From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྦྱོར་བའི་ལམ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། བྱེ་བྲག་སྨྲ་བ། ལམ་ལྔའི་ནང་གསེས་སྦྱོར་ལམ་སྟེ། ངེས་འབྱེད་ཆ་མཐུན་ནོ། །
|
| Domain
|
ཆོས་ལུགས།
|
སྦྱོར་བའི་ལམ་ (2)
| Part of speech
|
མིང་ཚིག
|
| Definition
|
ལམ་བཞིའི་ཡ་གྱལ་ཞིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། འདིའི་དངོས་བསྟན་གྱི་སྦྱོར་བའི་ལམ་ཞེས་པ་ནི་ལམ་དེ་དང་དེ་སྒོམ་པ་ལ་འཇུག་པའི་སྔ་རོལ་གྱི་སྦྱོར་བ་རྩོམ་པའི་ལམ་ཕལ་ཆེ་བ་ལ་བྱེད་པས་ན། སྦྱོར་ལམ་ངེས་འབྱེད་ཆ་མཐུན་ཁོ་ནར་འཁྲུལ་བར་ནི་མི་བྱའོ། །ཞེས་གསུངས།
|