101806

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བའི་སྐྱོན་བཞི་བཅུ་རྩ་དྲུག་ (1)
Part of speech མིང་ཚིག
Definition ༡ ཡུམ་བསྒོམ་པའི་དུས་སུ་ཚོགས་ཆེན་པོས་འབོག་པས་སྐྱོ་བ། ༢ སྤོབས་པ་ཧ་ཅང་མྱུར་བ་ལ་རློམ་པ་སྟེ་སྤོབས་པའི་དབང་དུ་བྱས་པ་གཉིས། ༣ ལུས་ཀྱི་གནས་ངན་ལེན་གསུམ། ༤ སེམས་ཀྱི་གནས་ངན་ལེན། ༥ རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་ཏོན་བྱེད་པས་སོག་པ་སྟེ་གནས་ངན་ལེན་གྱི་དབང་དུ་བྱས་པ་གསུམ། ༦ ཡུམ་ལས་ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་ཉིད། ༧ ཡུམ་ལ་མངོན་པར་ཞེན་པ་ཉམས་པ། ༨ གྱ་ནོམ་པའི་རོ་མྱང་བ་ཉམས་པ། ༩ རྣམ་པ་ཀུན་ཏུ་ཐེག་ཆེན་འཛིན་པའི་ཉམས་པ། ༡༠ རྟག་ཏུ་ཆེད་དུ་བྱ་བ་ཉམས་པ། ༡༡ རྒྱུ་དང་འབྲས་བུ་འབྲེལ་བ་ཉམས་པ། ༡༢ གོང་ན་མེད་པ་ཉམས་པ་སྟེ་ཐེག་ཆེན་ཉམས་བྱེད་རྒྱུ་བདུན། ༡༣ ཡུལ་མང་པོ་ལ་རྣམ་རྟོག་གི་སྤོབས་པ་འབྱུང་བ། ༡༤ ཡི་གེ་འབྲི་བ་ལ་མངོན་པར་ཞེན་པ། ༡༥ དངོས་པོ་མེད་པ་ལ་མངོན་པར་ཞེན་པ། ༡༦ ཡི་གེ་ལ་མངོན་པར་ཞེན་པ། ༡༧ ཡི་གེ་མེད་པ་ཁོལ་ལ་མངོན་པར་ཞེན་པ། ༡༨ རྙེད་བཀུར་དང་ཚིགས་སུ་བཅད་པ་སྙན་པའི་རོ་མྱང་བ། ༡༩ ལམ་མ་ཡིན་པ་བདུད་ཀྱིས་བསྟན་པའི་ཚིག་ལས་ཐབས་ལ་མཁས་པ་ཆོས་པ། ༢༠ ཐེག་ཆེན་ལས་གཡེན་པའི་རྒྱུ་བརྒྱད་དང་སྦྱོར་བའི་འགལ་རྐྱེན་རང་ལ་བརྟེན་པ་ཉི་ཤུ། ༢༡ ཉན་པ་པོ་དང་འཆད་པ་པོ་འདུན་པ་དང་གོམས་ལས་ཀྱིས་ཚོགས་པའི་ཆོས་སྤྱོད་ལས་ཉམས་པ། ༢༢ ཉན་པ་པོ་འདུན་པའི་ཡུལ་ཐ་དད་པས་ཉམས་པ། ༢༣ ཉན་པ་པོ་འཆད་པ་པོ་འདོད་པ་ཆེ་ཆུང་གིས་ཉམས་པ། ༢༤ སྦྱངས་པའི་ཡོན་ཏན་ལྡན་མི་ལྡན་དག ༢༥ དགེ་བ་དང་མི་དགེ་བའི་ཆོས་ཉིད་ཀྱིས་ཡུམ་འབྲི་འདོད་མི་འདོད། ༢༦ ཡོ་བྱད་གཏོང་བ་དང་སེར་སྣ་བྱེད་པ། ༢༧ སྦྱིན་པ་དང་འཆད་པ་པོས་མི་ལེན་པ། ༢༨ མགོ་སྨོས་པས་གོ་བ་དང་རྣམ་པར་སྤྲོ་བས་གོ་བ། ༢༩ མདོ་སོགས་ཆོས་མངོན་པར་ཤེས་མི་ཤེས། ༣༠ ཕྱིན་དྲུག་ལྡན་མི་ལྡན། ༣༡ ཉན་པ་པོ་དང་འཆད་པ་པོ་ཕྱིན་དྲུག་གི་བབས་ལ་མཁས་མི་མཁས། ༣༢ གཟུངས་ཐོབ་མ་ཐོབ། ༣༣ ཡི་གེར་འབྲི་འདོད་མི་འདོད། ༣༤ འདོད་འདུན་སོགས་སྒྲིབ་ལྔ་དང་བྲལ་མ་བྲལ་ཏེ་སློབ་དཔོན་ལ་བརྟེན་མཐུན་རྐྱེན་མ་ཚང་བ་ཉེར་གཅིག ༣༥ ངན་སོང་གི་འགྲོ་བ་ལ་ཕྱིར་ཕྱོགས་པ། ༣༦ བདེ་འགྲོར་འགྲོ་བ་ལ་ཡིད་བདེ་བ་སྟེ་རང་ལ་བརྟེན་པ་གཉིས། ༣༧ འཆད་པ་པོ་དང་ཉན་པ་པོ་རིམ་བཞིན་གཅིག་པུ་དང་འཁོར་འདུ་འཛི་ན་དགའ་བ། ༣༨ གཞན་རྗེས་སུ་འབྲང་བའི་གོ་སྐབས་འབྱེད་པ་དང་མི་འབྱེད་པ་ཉིད། ༣༩ ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་སྟོན་འདོད་མི་འདོད། ༤༠ སྲོག་གི་བར་ཆད་དུ་འགྱུར་བའི་ཕྱོགས་སུ་འགྲོ་འདོད་མི་འདོད། ༤༡ འཆད་པ་པོ་དང་ཉན་པ་པོ་མུ་གེའི་ཕྱོགས་སུ་འགྲོ་འདོད་མི་འདོད། ༤༢ ཆོམ་རྐུན་དང་རྔོན་པ་དང་གཅན་གཟན་གྱིས་དཀྲུགས་པའི་ཕྱོགས་སུ་འགྲོ་འདོད་མི་འདོད། ༤༣ རང་ལ་བསོད་སྙོམས་སྟེར་བའི་ཁྱིམ་ལ་ལྟ་བས་ཡིད་བདེ་མི་བདེ། ༤༤ བདུད་ཀྱིས་འབྱེད་པའི་སྦྱོར་བ། ༤༥ ཡུམ་བཅོས་མ་ཉེ་བར་སྒྲུབ་པ། ༤༦ དད་འདོད་ཀྱི་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པར་དད་པ་དང་དགའ་བ་བསྐྱེད་པ་སྟེ་སྦྱོར་བའི་འགལ་རྐྱེན་གཞན་ལ་བརྟེན་པ་གསུམ་བཅས་སོ། །
Domain ཆོས་ལུགས།

{{#arraymap:སྦྱོར་བའི་སྐྱོན་བཞི་བཅུ་རྩ་དྲུག་

|; |@@@ | | }}