101807

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བའི་སྒོ་ནས་དག་པར་སྒྲུབ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྦྱོར་བའི་སྒོ་ནས་དག་པར་སྒྲུབ་པ་ལ་ལྟུང་བ་འཆབ་པའི་ཉེས་པ་མི་འབྱུང་བའི་ཆེད་དུ་མཐོལ་བ་དང་། ལྟུང་བ་བཤགས་པ་དངོས་གཉིས་ཡོད་པའི་ཕྱིར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་སྦྱོར་བའི་སྒོ་ནས་དག་པར་སྒྲུབ་པ་ལ་གཉིས་ཡོད་དེ། ལྟུང་བ་འཆབ་པའི་ཉེས་པ་མི་འབྱུང་བའི་ཆེད་དུ་མཐོལ་བ་དང་། ལྟུང་བ་བཤགས་པ་དངོས་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཡུལ་གྱི་དབང་དུ་བྱས་ན་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་མཚམས་ཀྱི་ནང་དུ་གནས་པ་ཞིག་ལ་མཐོལ་བ་དང་། མཐོལ་ཡུལ་གྱི་གྲངས་ཀྱང་བསྒོ་གྱུར་གྱི་ལྟུང་བ་རྣམས་ནི་རང་ལ་བསྒོ་བ་མཛད་པའི་དགེ་སློང་ཐམས་ཅད་ལ་མཐོལ་བ་དང་། སོར་བཤགས་ཀྱི་ལྟུང་བ་རྣམས་ནི་གནས་དེར་དགེ་སློང་ཇི་སྙེད་ཡོད་པ་དེ་སྙེད་ལ་མཐོལ། གཞན་རྣམས་ནི་རེ་རེའི་མདུན་དུ་མཐོལ་བར་བྱ་བ་ཡིན་པའི་ཕྱིར། མཐོལ་ཡུལ་ཆོས་བདུན་ལྡན་དགོས་པར་གསུངས་པ་ཡང་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་གྱི། ངེས་པ་ནི་མ་ཡིན་ཏེ། དགེ་བསྙེན་དང། དགེ་ཚུལ་དང་། དགེ་སློང་མ་ལ་མཐོལ་བས་ཆོག་པའི་ཕྱིར། རྟེན་གང་གིས་མཐོལ་བ་ཡོད་དེ། ཆོས་བཞི་ལྡན་ཞིག་གིས་མཐོལ་བ་ཡིན་པའི་ཕྱིར། ཆོས་བཞི་ཡོད་དེ། སྡེ་ལྔ་གང་རུང་གི་སྡོམ་པ་གསོ་རུང་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། བསམ་པ་རང་བཞིན་དུ་གནས་པ། གནས་ནས་མ་ཕྱུང་བ་དེས་མཐོལ་བར་བྱ་བ་ཡིན་པའི་ཕྱིར། དངོས་པོ་གང་མཐོལ་བ་ཡོད་དེ། ལྟུང་བ་ཡིན་པ། རང་གི་རྒྱུད་དང་འབྲེལ་བར་ཡོད་པ། ངོ་བོ་ཤེས་ཤིང་དྲན་པར་ནུས་པ། སྔར་མཐོལ་བ་དང་མ་འབྲེལ་བ་དེ་མཐོལ་བར་བྱ་བ་ཡིན་པའི་ཕྱིར། ཆོ་ག་ཇི་ལྟ་བུས་མཐོལ་བ་ཡོད་དེ། སྦྱོར་བ། དངོས་གཞི། མཇུག་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མཐོལ་ཡུལ་རང་ལས་བསླབ་པ་རྒན་ན་ཕྱག་འཚལ་བ་དང་། ཐུགས་གཏད་པར་ཞུ་བ་དང་། ལྷམ་ཕུད་དེ་ཙོག་པུར་འདུག་པ་སོགས་ཀྱི་སྤྱོད་ལམ་བསྟེན་པ་རྣམས་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། སྤྱིར་བཏང་ལ་སྔགས་ཚིགས་ལན་གསུམ་བརྗོད་པ་དང་། དམིགས་བསལ་ལ་བདག་ལ་ལྟུང་བ་འདི་ལྟ་བུ་ཞིག་བྱུང་ངོ་ཞེས་ཐ་མལ་པའི་ཚིག་གིས་ལན་གཉིས་མཐོལ་བས་ཀྱང་ཆོག་པའི་ཕྱིར། མཇུག་ཐབས་ལེགས་བརྗོད་པ་དེ་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སྦྱོར་བའི་སྒོ་ནས་དག་པར་སྒྲུབ་པ་

|; |@@@ | | }}