101808

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བའི་སྤྱོད་པ་ (1)
Part of speech མིང་ཚིག
Definition སྔགས། བྱ་རྒྱུད་ཀྱི་ལམ་གྱི་མངོན་རྟོགས་སྤྱོད་པའི་སྒོ་བཞིའི་ནང་གསེས་ཏེ། སྐུའི་རིགས་རྣམ་པར་སྣང་མཛད་དང༌། གསུང་གི་རིགས་འོད་དཔག་མེད། ཐུགས་ཀྱི་རིགས་མི་བསྐྱོད་པ་སྟེ་རིགས་གསུམ་གྱི་ལྷ་བསྙེན་པ་དང་དངོས་གཞིའི་དེ་ཉིད་བཞི་བསྒོམ་པའོ། །
Domain ཆོས་ལུགས།

{{#arraymap:སྦྱོར་བའི་སྤྱོད་པ་

|; |@@@ | | }}

སྦྱོར་བའི་སྤྱོད་པ་ (2)
Part of speech མིང་ཚིག
Definition མ་ཧཱ་ཡོ་ག གསང་སྔགས་ནང་པའི་རྒྱུད་ལས་གསུངས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་ཐབས་ཁྱད་པར་ཅན་ཤེས་རབ་ཀྱི་སྤྱོད་པ་རྨད་དུ་བྱུང་བ་ཞིག་སྟེ། འོད་གསལ་སྙིང་པོ་ལས། ཤེས་རབ་ཀྱི་སྤྱོད་པ་རྨད་དུ་བྱུང་བ་ནི་སྦྱོར་བ་ཡིན་པར་གསུངས་སྟེ། ཐུན་མོང་གི་ལམ་གྱིས་བསྐལ་པ་གྲངས་མེད་ཀྱི་མཐར་རྟོགས་པར་བྱ་བའི་གནས་ལུགས་ལྷན་ཅིག་སྐྱེས་པའི་དོན། རང་ལ་ཡེ་ནས་གནས་པ་ཉིད་ཐབས་འདི་ལས་བླ་མའི་མན་ངག་གི་གནད་ལ་མཁས་པའི་ཤེས་རབ་ཅན་གྱི་མངོན་དུ་མཐོང་ནས་གཉིས་ཆོས་ཀྱི་འཛིན་པ་མ་ལུས་པ་དབྱིངས་ཡེ་གཉིས་སུ་མེད་པའི་ངང་དུ་སྡོམ་པར་བྱེད་པས་གཉིས་སུ་མེད་པར་སྦྱོར་བ་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས།

{{#arraymap:སྦྱོར་བའི་སྤྱོད་པ་

|; |@@@ | | }}