101810

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བས་འགྲོ་བའི་མ་མ་འབྲེལ་བཅས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྦྱོར་བས་འགྲོ་བའི་མ་མ་འབྲེལ་བཅས་ནི། དགེ་སློང་གིས་བདག་ཟླ་བ་ལྔ་ཚུན་ཆད་དུ་མཚམས་ནང་འདིར་མི་ལྡོག་ཅིང་རྙེད་པ་བྱུང་ན་བླང་སྙམ་དུ་བསམ་ནས་ཡུལ་གཞན་དུ་ཕྱིན་པའི་ཚེ་རྙེད་སྐལ་ལག་ཏུ་ཐོབ་པ་དང་། རྙེད་པ་མེས་ཚིག་པ་སོགས་ཐོས་པའི་རྐྱེན་གྱིས་རེ་བའི་བསམ་པ་རྒྱུད་ཆད་པ་ན་དེའི་ཆོས་གོས་བྱིན་རླབས་རང་ཞིག་ཏུ་འགྱུར་བ་ལྟ་བུ་སོགས་སོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་སྦྱོར་བས་འགྲོ་བའི་མ་མ་འབྲེལ་བཅས་གསུམ་ཡོད་དེ། དགེ་སློང་གིས་བདག་ཟླ་བ་ལྔ་ཚུན་ཆད་དུ་མཚམས་ནང་འདིར་མི་ལྡོག་ཅིང་རྙེད་པ་བྱུང་ན་བླང་སྙམ་དུ་བསམ་ནས་ཡུལ་གཞན་དུ་ཕྱིན་པའི་ཚེ་རྙེད་པའི་སྐལ་བ་ལག་ཏུ་ཐོབ་པ་དང་། རྙེད་པ་མེས་ཚིག་པ་སོགས་ཐོས་པའི་རྐྱེན་གྱིས་བརྩམས་པ་ཞིག་པ་དང། རྙེད་པ་ལ་རེ་བའི་བསམ་པ་རྒྱུད་ཆད་པ་ན་དེའི་ཆོས་གོས་བྱིན་བརླབས་རང་ཞིག་ཏུ་འགྱུར་བ་ལྟ་བུ་ཡིན་པའི་ཕྱིར། འདི་གསུམ། མདོ་ལས་བསྟན་ཚུལ་ཡོད་དེ། བྱེད་པར་འགྱུར་བ་མཐར་ཐུག་པ་དང་། བརྩམས་པ་ཞིག་པ་དང་། བསམ་པ་རྒྱུན་ཆད་པ་གསུམ་ལ་དེ་གནས་སོ་ཞེས་འབྱུང་བ་ལས་སོ། །ཁོ་ན་རེ། འདི་གསུམ་འབྲེལ་བཅས་མ་ཡིན་པར་ཐལ། སྔར་བཤད་པ་དང་འདྲ་བར་རྙེད་པ་ལ་རེ་བའི་བསམ་པ་རྒྱུན་ཆད་པ་ཡོད་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། ཕྱིས་དེ་ལྟར་ཡིན་ཀྱང་སྔར་རྙེད་པའི་སྐལ་བ་བླང་སྙམ་པའི་འབྲེལ་པ་དང་བཅས་པས་དེ་ལྟར་བཞག་པའི་ཕྱིར། བསམ་པ་དེ་གསུམ་མ་སྐྱེད་པའི་གོང་དུ་གཞན་གྱིས་སྲ་བརྐྱང་བྱིན་བརླབས་ཕྱུང་ན་གང་ཟག་དེའི་ཆོས་གོས་ཀྱི་བྱིན་རླབས་མི་འཇིག་སྟེ། རྙེད་པ་ལ་ནི་རེ་བ་ཡོད། འཇིག་རྒྱུ་གཞན་མེད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།