101813
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། འདོད་པའི་ཁམས་སུ་སྤྱོད་པའི་སྦྱོར་བྱུང་དགེ་སེམས་ཀྱི་མཇུག་ཐོགས་སུ་འབྱུང་བའི་སེམས་རྣམས་ཏེ། མཛོད་རང་འགྲེལ་ལས། རེ་ཞིག་འདོད་པ་ན་སྤྱོད་པའི་དགེ་བ་བརྒྱད་ལས་སྦྱོར་བ་ལས་བྱུང་བའི་མཇུག་ཐོགས་སུ་ནི་སེམས་བཅུ་འབྱུང་སྟེ། མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་རང་གི་ས་པ་བདུན་དང་། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང་། སློབ་པ་དང་། མི་སློབ་པ་དང་བཅས་པའོ། ། |
| Domain | ཆོས་ལུགས། |