101820

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་ལམ་གྱི་ངེས་ཚིག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། སྦྱོར་ལམ་ལ་པྲ་ཡོག་མཱརྒ་ཟེར་ལ། དེའི་པྲ་ནི་པ་རམ་ཨརྠ་སྟེ་དོན་དམ་པ། ཡོ་ག་སྦྱོར་བ་སྟེ། མཐོང་ལམ་ཆོས་ཀྱི་དབྱིངས་དོན་དམ་པ་མངོན་སུམ་དུ་མཐོང་བ་ལ་སྦྱོར་བར་བྱེད་པས་སྦྱོར་ལམ་མོ། །ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པ་དགོངས་གསལ་ལས་སོ། ། པཎ་ཆེན་ཤཀ་མཆོག་གིས། འདིའི་སྒྲ་དོག་པའི་དབང་དུ་བྱས་ནས། ངེས་འབྱེད་ཆ་མཐུན་ལ་སྦྱོར་ལམ་ཞེས་བྱའོ། །འོ་ན་འདི་གང་གིས་སྦྱོར་བའི་ལམ་ཡིན་ཞེ་ན། འཕགས་སེང་གི་བཞེད་པས། མཐོང་སྒོམ་གཉིས་ཀའི་སྦྱོར་བའི་ལམ་དུ་བཞེད་པ་ཡིན་ནོ། །ཞེས་དང་། ཅིའི་ཕྱིར་ངེས་འབྱེད་ཆ་མཐུན་ཞེས་བྱ་ཞེ་ན། ངེས་འབྱེད་ནི། བདེན་པ་བཞིའི་རྣམ་པ་རྣམས་མངོན་སུམ་དུ་རྟོགས་པ་ཞིག་ལ་བྱ་ལ། དེ་དང་དམིགས་རྣམ་རྗེས་སུ་མཐུན་པས་ན་དེ་སྐད་ཅེས་བྱའོ། །ཞེས་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་གསུངས་སོ། །
Domain ཆོས་ལུགས།