101824

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་ལམ་དྲོད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཤིང་གཙུབ་པས་མེ་འབྱུང་བའི་སྔ་ལྟས་སུ་དྲོད་འབྱུང་བ་ལྟར། མཐོང་ལམ་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་སྔ་ལྟས་སུ་གྱུར་པས་དྲོད་དོ། །ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པ་དགོངས་གསལ་ལས་སོ། ། ཀུན་མཁྱེན་རོང་སྟོན་གྱིས། མཚན་ཉིད་ནི། ཚོགས་ལམ་དུ་གཟུང་འཛིན་རང་བཞིན་མེད་པར་གཏན་ལ་ཕབ་པའི་དོན་བསྒོམས་པའི་མཐུས། ཤེས་པ་ལས་ཐ་དད་པའི་གཟུང་བ་མེད་པ་ལ་ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་ནོ། །ཞེས་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས། ཀུན་མཁྱེན་གོ་རམས་པས། སངས་རྒྱས་སོགས་ཀྱི་ཡུལ་ལྔ་ལ་མཁས་པའི་ཚེ་རྣམ་རྫོགས་སྦྱོར་བའི་སྐབས་ནས་བསྟན་པའི་ཐར་པ་ཆ་མཐུན་ཡིན་ཞིང་། དེའི་དོན་རྩེ་གཅིག་ཏུ་བསྒོམ་པ་ལས་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པའི་ཚེ་དྲོད་དོ། །ཞེས་སྦས་དོན་ཟབ་མོ་ལས་གསུངས་སོ། །
Domain ཆོས་ལུགས།