101826

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་པ་ལྡོག་པ་སོགས་བྱང་སེམས་སྦྱོར་ལམ་པ་ཕྱིར་མི་ལྡོག་ཏུ་མཚོན་པའི་རྟགས་ཉི་ཤུ་བོ་གང་རུང་ཞིག་ལ་འཇོག་ལ། དབྱེ་ན་ཉི་ཤུ་ཡོད་དེ། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། གཉིས་བ་ནི། གཟུགས་ལ་སོགས་ལས་ལྡོག་པ་དང༌། །ཐེ་ཚོམ་མི་དལ་ཟད་པ་དང༌། །བདག་ཉིད་དགེ་བ་ལ་གནས་ཤིང༌། །གཞན་དག་དེ་ལ་འགོད་པ་དང་། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང༌། །ཟབ་མོའི་དོན་ལའང་སོམ་ཉི་མེད། །བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང༌། །བག་ལ་ཉལ་ཀུན་འཇོམས་པ་དང༌། །དྲན་པ་དང་ནི་ཤེས་བཞིན་དང༌། །གོས་ལ་སོགས་པ་གཙང་བ་དང༌། །ལུས་ལ་སྲིན་བུ་རྣམས་མི་འབྱུང༌། །གྱ་གྱུ་མེད་སེམས་སྦྱངས་པ་དང༌། །ལེན་དང་སེར་སྣ་མེད་སོགས་དང༌། །ཆོས་ཉིད་བདེན་པར་འགྲོ་ཉིད་དང༌། །སེམས་ཅན་དོན་དུ་དམྱལ་ཚོལ་དང༌། །གཞན་གྱིས་དཀྲི་བར་མི་བཏུབ་དང༌། །ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང༌། །སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང༌། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག ། འདིར་བཤད་པའི་རྟགས་ནི་ཉི་ཤུ་དེ་དག་གིས་དྲོད་དང་རྩེ་མོ་དང་བཟོད་པ་དང་བཅས་པ་དང་ཆོས་མཆོག་རྣམས་ལ་གནས་པའི་སེམས་དཔའ་དབང་རྣོན་ནི་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རྟོགས་པར་འགྱུར་ཏེ། དྲོད་སོགས་སོ་སོའི་རྟགས་ལས་རྟོགས་པར་འགྱུར་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།
སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ (2)
Part of speech མིང་ཚིག
Definition ༡ ས་སྐྱ། སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་གང་ཞིག། རང་གང་ལ་ལྡན་པའི་སྦྱོར་ལམ་ལ་གནས་པའི་བྱང་སེམས་གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་སྒྲུབ་ནུས་པ་དེ། སྦྱོར་ལམ་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་པའི་གཏན་ཚིགས་ཀྱི་མཚན་ཉིད། དབྱེ་ན། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་པའི་གཏན་ཚིགས་བཞི། དབྱེ་ན། དང་པོ་ལ་བཅུ་གཅིག གཉིས་པ་ལ་དྲུག གསུམ་པ་ལ་གཉིས། བཞི་པ་ལ་གཅིག་སྟེ་ཉི་ཤུའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། ༢ བྱང་སེམས་སྦྱོར་ལམ་པ་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་ཏུ་བསྒྲུབ་པའི་ཚུལ་གསུམ་ཚང་བ་དེ། མ་ངེས་པའི་རིགས་ཅན་གྱི་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཀྱི་མཚན་ཉིད། དེ་ནི་དཔེར་ན། མ་ངེས་པའི་རིགས་ཅན་གྱི་བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཆོས་ཅན། སྟོང་ཉིད་རྟོགས་པའི་ཤེས་རབ་དང་ལྡན་པ་ཡིན་ཏེ། གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་བ་ལྡོག་པའི་རྗེས་ཐོབ་ཀྱི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་ཕྱིར། ཞེས་དང། དེ་ཆོས་ཅན། སྙིང་རྗེ་ཆེན་པོ་དང་ལྡན་ཏེ། རྗེས་ཐོབ་ཏུ་གཞན་གྱི་དོན་དུ་དམྱལ་བ་ཡང་འཚོལ་བའི་ཕྱིར། ཞེས་པ་ལྟ་བུ་འབྲས་བུའི་རྟགས་དང་། དེ་ཆོས་ཅན། ཐེག་པ་གཞན་གྱིས་བར་མ་ཆོད་པར་རྣམ་མཁྱེན་གྱི་ཡེ་ཤེས་རྒྱུད་ལ་འབྱུང་དུ་རུང་བ་ཡིན་ཏེ། སངས་རྒྱས་ཀྱི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར་ཞེས་པ་རང་བཞིན་གྱི་རྟགས་སོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །