101827
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། བྱང་སེམས་སྦྱོར་ལམ་པ་སྲིད་ཞི་གང་དུ་ཡང་མི་ལྟུང་བར་ཡོངས་སུ་འཛིན་པར་བྱེད་པའི་ཕྱིའི་དགེ་བའི་བཤེས་གཉེན་དང་ནང་གི་སྙིང་རྗེ་ཆེན་སོགས་ལ་སྦྱོར་ལམ་པའི་ཡོངས་འཛིན་ཞེས་བརྗོད། དེ་ལ་དབྱེ་ན། ནང་གི་ཡོངས་འཛིན་དང་། ཕྱིའི་ཡོངས་གཉིས་ཡོད། དེ་ཡང་པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ཆོས་ཅན། བྱང་སེམས་སྦྱོར་ལམ་པའི་ནང་གི་ཡོངས་འཛིན་ཡིན་ཏེ། བྱང་སེམས་སྦྱོར་ལམ་པ་སྲིད་མཐའ་དང་ཞི་མཐའ་གང་དུ་ཡང་མི་ལྟུང་བར་བྱེད་པའི་བྱང་སེམས་སྦྱོར་ལམ་པའི་མངོན་རྟོགས་ཡིན་པའི་ཕྱིར། བྱང་སེམས་སྦྱོར་ལམ་པའི་བདག་རྐྱེན་དུ་གྱུར་པའི་མཆོག་གི་སྤྲུལ་སྐུ་ཆོས་ཅན། བྱང་སེམས་སྦྱོར་ལམ་པའི་ཕྱིའི་ཡོངས་འཛིན་ཡིན་ཏེ། དེ་ལ་ཐབས་ཤེས་རྫོགས་པར་སྟོན་པའི་དེའི་བདག་རྐྱེན་དུ་གྱུར་པའི་དགེ་བའི་བཤེས་གཉེན་ཡིན་པའི་ཕྱིར། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |