101830

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་ལམ་བཟོད་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། སྟོང་པ་ཉིད་ལ་མི་སྐྲག་པས་བཟོད་པའོ། །ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པ་དགོངས་གསལ་ལས་སོ། ། ཀུན་མཁྱེན་རོང་སྟོན་གྱིས། མཚན་ཉིད་ནི། གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་སྣང་བ་བརྟེན་ཅིང། གང་ཟག་རྫས་ཡོད་ཀྱི་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་སྐྱེས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་ནོ། །ཞེས་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། ། ཀུན་མཁྱེན་གོ་རམས་པས། གང་ཟག་རྫས་ཡོད་ཀྱི་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པའི་ཚེ་བཟོད་པའོ། །ཞེས་སྦས་དོན་ཟབ་མོ་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྦྱོར་ལམ་བཟོད་པ་

|; |@@@ | | }}