101833

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་ལམ་མཉམ་བཞག་ལ་དགག་རྟོག་བཞི་ལྡན་ཚུལ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ས་སྐྱ། མཉམ་གཞག་ལ་དགག་རྟོག་ངོ་བོར་ལྡན་པའི་ཚུལ་ནི། དྲོད་ཀྱི་མཉམ་གཞག་ཏུ་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པར་རྟོག་པའི་ཚེ་དེར་ཞེན་པ་ལས་མ་འདས་ཏེ། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡིན་པའི་ཕྱིར་རོ། །དེར་ཞེན་པ་དེ་ཉིད་ཀྱང་ལམ་ཕྱི་མ་ལ་ལྟོས་ཏེ། སྤང་བྱའི་རྣམ་རྟོག་ཡིན་ཏེ། སྤྱིར་དབུ་མའི་ལྟ་བ་ལ་ཡོད་པར་ཞེན་པ་དང། མེད་པར་ཞེན་པ་དང། བདེན་པར་ཞེན་པ་དང། བདེན་མེད་དུ་ཞེན་པ་ཐམས་ཅད་བཀག་ནས་མཐར་འཛིན་པ་གང་ཡང་མེད་པ་གཅིག་དགོས་པའི་ཕྱིར་རོ། །ངོ་བོར་ལྡན་པའི་ཚེ་སྦྱོར་ལམ་འདིར་བསྟན་གྱི་རྟོག་པ་ཡིན་ཞེས་པ་དང། འདིར་བསྟན་གྱི་རྟོག་པ་དེ་སྦྱོར་ལམ་ཡིན་ཞེས་པར་ནི་ཁས་མི་ལེན་ཏེ། འདིར་བསྟན་གྱི་རྟོག་པ་ནི་མངོན་པར་ཞེན་པའི་ཆ་ནས་འཇོག་དགོས་ཤིང་། སྦྱོར་ལམ་ནི་མངོན་ཞེན་བཀག་པའི་ཆ་ནས་འཇོག་དགོས་པའི་ཕྱིར་རོ། །ཞེེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །
Domain ཆོས་ལུགས།

{{#arraymap:སྦྱོར་ལམ་མཉམ་བཞག་ལ་དགག་རྟོག་བཞི་ལྡན་ཚུལ་

|; |@@@ | | }}