101834

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་ལམ་རྗེས་ཐོབ་ལ་སྒྲུབ་རྟོག་བཞི་ལྡན་ཚུལ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། སྒྲུབ་རྟོག་རྗེས་ཐོབ་ལ་ངོ་བོར་ལྡན་པའི་ཚུལ་ཇི་ལྟར་སྙམ་ན། དྲོད་ཀྱི་རྗེས་ཐོབ་ཏུ་ཀུན་ནས་ཉོན་མོངས་ཀྱི་ཆོས་སམ། ཐེག་དམན་གྱི་ལམ་འབྲས་བུ་དང་བཅས་པ་ནི་དོར་བྱའི་གཟུང་བར་མངོན་པར་ཞེན། རྩེ་མོའི་རྗེས་ཐོབ་ཀྱི་གནས་སྐབས་སུ་རྣམ་བྱང་གི་ཆོས་སམ་བྱང་སེམས་ཀྱི་ལམ་འབྲས་བུ་བཅས་པ་ནི་བླང་བྱའི་གཟུང་བར་མངོན་པར་ཞེན། བཟོད་པའི་རྗེས་ཐོབ་ཀྱི་གནས་སྐབས་སུ་མཉམ་གཞག་གི་ལྟ་བས་མ་ཟིིན་པའི་ཚེ། སེམས་ཅན་ལ་དམིགས་པའི་སྙིང་རྗེས་གང་ཟག་རྫས་ཡོད་ལ་དམིགས་ནས་ལོངས་སྤྱོད་པ་པོར་མངོན་པར་ཞེན། ཆོས་མཆོག་གི་རྗེས་ཐོབ་ཏུ་ནི་ཆོས་ལ་དམིགས་པའི་སྙིང་རྗེས་སྐྱེས་བུ་བཏགས་ཡོད་ལ་དམིགས་ནས་ལོངས་སྤྱོད་པ་པོར་མངོན་པར་ཞེན་པའོ། །དེ་དག་གི་རྒྱུ་མཚན་ནི། དྲོ་བ་རྣམས་ཀྱིས་དམིགས་པ་འདིར། །ཞེས་པའི་སྐབས་སུ་ཤེས་པར་འགྱུར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །
Domain ཆོས་ལུགས།

{{#arraymap:སྦྱོར་ལམ་རྗེས་ཐོབ་ལ་སྒྲུབ་རྟོག་བཞི་ལྡན་ཚུལ་

|; |@@@ | | }}