101837

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་ལམ་རྩེ་སྦྱོར་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་བཞི་ལ་སྦྱོར་ལམ་རྩེ་སྦྱོར་ཞེས་གཅིག་ཏུ་བྱས་པ་ཡིན་ལ། དེ་ཡང་མཁྱེན་གསུམ་གྱི་རྣམ་པའི་མི་མཐུན་ཕྱོགས་ཀྱི་སྤང་བྱ་མངོན་གྱུར་སེལ་བའི་ཆེད་དུ་བསྒོམས་ནས་སྦྱོར་བ་ལ་དབང་འབྱོར་བས་ཆ་ནས་རྩེ་སྦྱོར་ཞེས་བརྗོད་པ་ཡིན་ནོ། ། དབྱེ་བ་ནི། པཎ་ཆེན་གྱི་ཕཪ་ཕྱིན་སྤྱི་དོན་ལས། དང་པོ་ལ་ཡང། དྲོད་རྩེ་བཟོད་པ་ཆོས་མཆོག་རྩེ་སྦྱོར་ཏེ་བཞི་ཡོད་པའི་ཕྱིར། འོ་ན་དེ་རྣམས་ལ་རིམ་པ་བཞིན་དུ་རྟགས་ཀྱི་རྩེ་སྦྱོར། བསོད་ནམས་རྣམ་པར་འཕེལ་བའི་རྩེ་སྦྱོར། བརྟན་པའི་རྩེ་སྦྱོར། སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་ཞེས་བརྗོད་པའི་རྒྱུ་མཚན་གང་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། དྲོད་ཀྱི་སྐབས་སུ་སྔར་མ་ཐོབ་པའི་རྟགས་བཅུ་གཉིས་གསར་དུ་ཐོབ་པ་དང། རྩེ་མོའི་སྐབས་སུ་སྔར་གྱི་རྟགས་དེ་དག་བསོད་ནམས་རྣམ་པར་འཕེལ་བའི་ཡོན་ཏན་དང་ལྡན་པར་ཐོབ་པ་དང། བཟོད་པའི་སྐབས་སུ་བསོད་ནམས་རྣམ་འཕེལ་དེ་ཉིད་ཞི་ལྷག་ཟུང་འབྲེལ་གྱིས་བསྡུས་པའི་རྟོགས་པ་བརྟན་པོ་དང་ལྡན་པར་ཐོབ་པ་དང། ཆོས་མཆོག་གི་སྐབས་སུ་ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་དེ་ཉིད་མཐོང་ལམ་དངོས་སུ་འདྲེན་ནུས་ཀྱི་སེམས་ཀུན་ཏུ་གནས་པའི་ཏིང་ངེ་འཛིན་དུ་གྱུར་པ་ཐོབ་པས་ན། རིམ་པ་བཞིན་དེ་ལྟར་བརྗོད་པའི་ཕྱིར། རྩེ་སྦྱོར་བཞིའི་གོ་རིམ་འདི་ལྟར་སྟོན་པའི་རྒྱུ་མཚན་ཡང་ཡོད་དེ། མདོ་དང་མཐུན་པར་བཤད་པ་དང། སྤང་བྱ་རྣམས་ལ་སྤངས་དཀའ་སླ་སོགས་ཡོད་པའི་དོན་གྱིས་དེ་ལྟར་ཡིན་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྦྱོར་ལམ་རྩེ་སྦྱོར་

|; |@@@ | | }}

སྦྱོར་ལམ་རྩེ་སྦྱོར་ (2)
Part of speech མིང་ཚིག
Definition མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་གང་ཞིག ངེས་འབྱེད་ཆ་མཐུན་གྱི་ངོ་བོར་སྐྱེས་པ་དེ། སྦྱོར་ལམ་རྩེ་སྦྱོར་གྱི་མཚན་ཉིད། དབྱེ་ན་བཞི་སྟེ། རྟགས་ཀྱི་རྩེ་སྦྱོར་དང། རྣམ་འཕེལ་གྱི་རྩེ་སྦྱོར་དང། ངེས་པར་བརྟན་པའི་རྩེ་སྦྱོར་དང། སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་རོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །

{{#arraymap:སྦྱོར་ལམ་རྩེ་སྦྱོར་

|; |@@@ | | }}