101841

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་སྒྲོལ་ (1)
Part of speech མིང་ཚིག
Definition སྔགས། གསང་བླ་མེད་ལུགས་ཀྱི་ཉམས་ལེན་ཞིག་སྟེ། རྩ་རླུང་ཐིག་ལེའི་ཉམས་ལེན་ཚད་དུ་ཕྱིན་པའི་རྣལ་འབྱོར་བའི་ཐབས་ལམ་གྱི་ཉམས་ལེན་དང་། ལྟ་དགོངས་ཁྱད་པར་ཅན་བརྙེས་པའི་རྣལ་འབྱོར་བས་རྟོགས་པའི་བདག་བསྒྲལ་བ་དང་ཐུགས་རྗེའི་གཞན་སྒྲོལ་བའི་ཉམས་ལེན་གཉིས་ཀྱི་བསྡུས་མིང་།
Domain ཆོས་ལུགས།

{{#arraymap:སྦྱོར་སྒྲོལ་

|; |@@@ | | }}

སྦྱོར་སྒྲོལ་ (2)
Part of speech མིང་ཚིག
Definition ཡེ་གཤེན་རྒྱུད། བོན། དེ་ཡང་སྦྱོར་སྒྲོལ་ཞེས་བྱ་བའི་ཚིག་འབྲུ་གཉིས་ལས་སྦྱོར་བ་ཞེས་པ་ནི། རྒྱུད་སྡེའི་གཞུང་རྣམས་སུ་དོན་མང་པོར་འཇུག་སྟེ། རང་བཞིན་དག་པའི་སྦྱོར་བ། དབང་པོ་ཡུལ་གྱི་སྦྱོར་བ། ཏིང་ངེ་འཛིན་གྱི་སྦྱོར་བ། ཐབས་ལ་མཁས་པའི་སྦྱོར་བ་སོགས་ལ་གོ་ཞིང་འཇུག་པ་ལས་འདིར་ཐུན་མོང་གིས་གོ་ཚུལ་གྱི་དབང་དུ་བྱས་ན། ཉོན་མོངས་ཆགས་སྲེད་ཀྱི་དབང་དུ་སྐྱེ་བོ་དམན་པའི་སྤྱོད་ཚུལ་གྱི་དྲི་མས་མ་གོས་པ་གསང་སྔགས་རྣལ་འབྱོར་བའི་རྟེན་དེས། རྒྱུད་ལ་སྒོམ་པའི་ཉམས་རྟོགས་ཀྱི་བོགས་བསྐྱེད་པའི་ཕྱིར་དུ་མཚན་ལྡན་གྱི་གསང་ཡུམ་ལ་བསྟེན་ཅིང་སྦྱོར་བར་བྱེད་པ་ལ་གསུངས་སོ། །སྒྲོལ་བ་ཞེས་པ་ཡང་རྒྱུད་སྡེ་རྣམས་ཀྱི་དགོངས་པ་ལྟར་ན། རང་བཞིན་དག་པའི་སྒྲོལ་བ། དབང་པོ་ཡུལ་གྱི་སྒྲོལ་བ། ཏིང་ངེ་འཛིན་གྱི་སྒྲོལ་བ་སོགས་མང་པོ་ལ་འཇུག་ཏུ་ཡོད་པ་ལས། འདིར་ཆགས་སྡང་དབང་གིས་ངན་སྔགས་ཀྱི་ཐབས་ཀྱིས་གཞན་གྱི་ལུས་སྲོག་ལ་གནོད་པར་བྱེད་པ་སྐྱེ་བོ་ཐ་མལ་གྱི་བྱ་བྱེད་ལྟར་མ་ཡིན་པ། གཙོ་བོར་གསང་སྔགས་གསང་བའི་སྤྱོད་པ་རླབས་པོ་ཆེ་སྟེ། སྙིང་རྗེའི་དབང་གིས་གཞན་དོན་དུ་བསྒྲལ་བའི་ཞིང་སྟེ་བསྟན་འགྲོའི་དོན་ལ་ལོག་པར་བལྟ་ཞིང་འཚེ་བ་ཅན་གང་དག ཐུགས་རྗེའི་ཐབས་མ་འགག་པ་དྲག་པོའི་ཚུལ་གྱིས་སྒྲོལ་བར་བྱེད་པའི་གཞན་དོན་གྱི་མཛད་པ་དེ་དག་ལ་བཤད་དོ། །དེ་ཡང་འགུ་ཡ་ལས། གསང་ཡུལ་གོང་མ་དེ་རྣམས་ལ། །སེམས་ཀྱིས་བསྟན་པར་མི་བྱ་ཞིང་། །ལུས་ཀྱིས་གསང་སྔགས་ཐམས་ཅད་ལ། །གཞན་དུ་སྦས་ལ་གཞན་དུ་སྤྱད། །ངག་གིས་པད་མའི་ལྕེ་ཡོད་ཀྱང་། །གསང་སྔགས་ཟབ་མོའི་བོན་རྣམས་ནི། །ཟུར་ཙམ་བརྗོད་པར་མ་ཡིན་ནོ། །ཞེས་པས་མཛད་སྤྱོད་དེ་དག་གསང་སྔགས་འདིའི་ལུགས་ཀྱི་ལྟ་དགོངས་ཟབ་མོའི་རྟོགས་པ་གདེངས་དང་ལྡན་པ་དག་གི་སྤྱད་བྱར་མ་གཏོགས་ཐུན་མོང་གི་སྤྱོད་ཡུལ་ཞིག་མ་ཡིན་པར་བསྟན་ཅིང་སྒོ་གསུམ་གྱི་སྒོ་ནས་གསང་རྒྱ་དགོས་པ་ནན་ཏན་དུ་གདམས་སོ། །སྦྱོར་སྒྲོལ་གྱི་དོན་གཞན་རྣམས་མ་ཚིག་རང་རང་གི་སྐབས་སུ་བཀོད་ཡོད་པས་དེར་གཟིགས་པར་འཚལ་ལོ། །

{{#arraymap:སྦྱོར་སྒྲོལ་

|; |@@@ | | }}