101842

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་སྒྲོལ་རོལ་པའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་བཅུ་གཉིས་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། སྐྱོན་ལ་ཡོན་ཏན་རྒྱུར་མི་འགྱུར། །གནས་སྐབས་མཚོན་ཕྱིར་མངོན་སྤྱོད་བསྟན། །སྦྱོར་སྒྲོལ་རོལ་པའི་ཕྱག་རྒྱ་ཡིན། །ཞེས་གསུངས་པས། དེ་དག་ནི། སྐྱོན་གྱི་ངོ་བོ་ནས་ཡོན་ཏན་གྱི་རྒྱུ་རུ་མི་འགྱུར་ན་ཡང་གནས་སྐབས་གདུལ་བྱ་འདྲེན་པའི་ཐབས་སུ་མཚོན་ཕྱིར། རྣམ་འགྱུར་ལ་མངོན་སྤྱོད་ཀྱི་ཚུལ་དུ་དགྲ་བགེགས་འགུགས་སྒྲོལ་གྱི་ཕྲིན་ལས་སྟོན་པར་མཛད་པའི་དོན་ནོ། །
Domain ཆོས་ལུགས།

{{#arraymap:སྦྱོར་སྒྲོལ་རོལ་པའི་ཕྱག་རྒྱ་

|; |@@@ | | }}