101853

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྲ་མགོ་བ་བརྩོན་འགྲུས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཁོང་ནི་ཧོར་པོ་སྡེ་འགུར་སྐུ་འཁྲུངས། གཏེར་ཆེན་བདུད་འདུལ་རྡོ་རྗེ་དང་རིག་འཛིན་ཀློང་གསལ་གཉིས་ཀའི་ཆོས་བདག་ཏུ་ལུང་གིས་ཟིན། གཏེར་ཆེན་ཡབ་སྲས་རྣམས་ལས་སྨིན་གྲོལ་རྒྱ་ཆེར་གསན། ཀཿཐོག་ཡང་དབེན་སྦྲ་མགོ་ཞེས་པར་རི་ཁྲོད་གསར་དུ་བཏབ་ནས་སྐུ་ཚེ་ཧྲིལ་པོར་དེར་བཞུགས། སྐལ་ལྡན་གྱི་སློབ་མ་རྣམས་ལ་དབང་ཁྲིད་ཀྱི་གདམས་པ་དུས་རྒྱུན་སྟེར། སྒྲུབ་པ་གཙོ་བོར་མཛད་པས་གྲུབ་པའི་གོ་སར་བཞུགས། དབོན་རྒྱ་གར་བཀྲ་ཤིས་ཀྱི་སྤྲུལ་སྐུ་ཡེ་ཤེས་ཕུན་ཚོགས་གནས་ཆེན་བྲོ་རྡུང་དུ་བཞུགས་ནས་དགོན་པ་གསར་འདེབས་དང་སྔ་འགྱུར་བཀའ་གཏེར་རྣམས་ཀྱི་བཤད་སྒྲུབ་རྒྱ་ཆེར་སྐྱོང་བར་མཛད། འདི་སྐབས་ཀཿཐོག་གི་གདན་ས་དབོན་ཚེ་དབང་འཕྲིན་ལས་ཀྱིས་སྐྱོང་བ་ལ་ཆོས་བརྒྱུད་འཆད་སྤེལ་ནི་སྦྲ་མགོ་བ་དང་གྲུབ་ཐོབ་ནམ་མཁའ་རྒྱ་མཚོ་རྗེ་དབོན་བཀྲ་ཤིས་ཕུན་ཚོགས་རྣམས་ཀྱིས་མཛད་དོ། །

{{#arraymap:སྦྲ་མགོ་བ་བརྩོན་འགྲུས་རྒྱ་མཚོ་

|; |@@@ | | }}