101868

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྲགས་མའི་དགུ་མིག་ (1)
Part of speech མིང་ཚིག
Definition དགུ་མིག་རྣམ་ལྔའི་ཡ་གྱལ་ཞིག་སྟེ། བརྩི་བྱ་སོ་སོའི་སྦྲགས་མའི་དགུ་མིག་གི་སྐོར་འགོ་ནས་བཟུང་སྟེ་སོན་པའི་ལོ་གྲངས་ཀྱིས་ལུགས་ལྡོག་ལ་དུ་ལོན་བགྲངས་ན། སྐོར་འགོ་དེ་ནས་བརྩིས་པའི་དགུ་བ་རང་རང་གི་སྲོག་ཁམས་ཀྱི་དུར་ལོའི་སྟེང་དུ་འབབ་དུས་དག་ནི་དུར་མིག་ཏུ་ཚུད་དུས་ཀྱང་ཡིན་པས་ན་དེ་དག་སྦྲགས་པའམ་སྡོང་བའི་དགུ་མིག་ལ་ཟེར་ཞིང་། སྐོར་འགོ་དག་ནི་བརྩི་བྱའི་རང་ལོའི་སྲོག་ཁམས་ས་ཆུ་ཡིན་ན་བྱི་བ་དང་། ཤིང་ཡིན་ན་ཡོས། མེ་ཡིན་ན་རྟ། ལྕགས་ཡིན་ན་བྱ་བཅས་ཡིན། དེར་ཚུད་པའི་བརྩི་བྱ་དག་ནི་གནམ་ལོའི་མར་གྱི་ལྔ་མཐུན་རང་ལོ་ཡིན་པ་དག་ཡིན་པས། དཔེར་ན་ཤིང་མོ་བྱ་གནམ་ལོ་ཡིན་པར་ཆ་བཞག་ན། བྱའི་མར་གྱི་ལྔ་མཐུན་རང་ལོ་དགུར་སོན་པའི་མེ་གླང་དང་། ཉེར་གཅིག་ལ་སོན་པའི་ཤིང་གླང་། སོ་གསུམ་ལ་སོན་པའི་ཆུ་གླང་། ཞེ་ལྔ་ལ་སོན་པའི་ལྕགས་གླང་། ང་བདུན་ལ་སོན་པའི་ས་གླང་། རེ་དགུ་ལ་སོན་པའི་མེ་གླང་། གྱ་གཅིག་ལ་སོན་པའི་ཤིང་གླང་སོགས་ཡིན་ཏེ། བརྩི་བྱ་དེ་ཚོའི་སྐོར་བྱེད་ལོ་གྲངས་ཀྱིས་སྐབས་བབས་སྦྲགས་མའི་སྐོར་འགོ་བྱི་བ་ནས་གཡོན་དུ་ལུགས་ལྡོག་ལ་བགྲངས་ན། གླང་སྲོག་སའི་དུར་ལོ་འབྲུག་གི་སྟེང་དུ་འབབ་པའི་ཕྱིར་ཡིན།
Domain རྩིས་རིག

{{#arraymap:སྦྲགས་མའི་དགུ་མིག་

|; |@@@ | | }}