101919

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྲང་རྩིའི་མཚོ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མངོན་པ་མཛོད་ལས་བཤད་པའི་རོལ་མཚོ་བདུན་གྱི་ནང་གསེས་ཐ་མ་སྟེ། རྣམ་འདུད་དང་མུ་ཁྱུད་འཛིན་གཉིས་ཀྱི་བར་གནས་པའི་རོལ་མཚོའོ། །དེའི་ཟབས་སུ་ནི་དཔག་ཚད་བརྒྱད་ཁྲི་རོལ་མཚོ་གཞན་དང་མཚུངས་ཤིང་། ཁ་ཞེང་མར་གྱི་མཚོའི་ཕྱེད་དེ་ཆིག་སྟོང་ཉིས་བརྒྱ་ལྔ་བཅུའོ། །དེ་ཡང་ངོས་ལ་ནི་ཁོར་ཡུག་གི་འགྲམ་ནས་བགྲངས་ན་སུམ་འགྱུར་ཏེ། །ནང་གི་རྒྱ་མཚོ་ཡིན་ཏེ། ནང་ཁོ་ནར་ངེས་པའི་ཕྱིར་དང་། གཟའ་སྐར་ལ་སོགས་པའི་གཟུགས་བརྙན་འཆར་བ་དང་། ཆུའི་གཏེར་ཡིན་པའི་ཕྱིར་རོ། །
Domain ཆོས་ལུགས།