10198

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡང་གླུད་ (1)
Part of speech མིང་ཚིག
Definition བོན། ཡོན་བདག་སོགས་ལ་ཕྱྭ་གཡང་གི་ཆོ་ག་སྤེལ་སྐབས་ཐོག་མ་ཕྱྭ་གཡང་ལ་རློམ་པའི་འགོང་པོ་ལ་བསྔོ་བའི་གླུད་ཅིག་སྟེ། གླུད་བཅའ་སྟངས་ལ་ཡང་རིགས་འགའ་སྣང་སྟེ། ༡ རྣམ་རྒྱལ་གཡང་སྐྱབས་ལེའུ་ལས། རེ་ཚལ་གཅིག་གི་སྟེང་དུ། ས་ཡི་བང་མིག་རེའི་སྟེང་དུ་བྱུར་དང་བསེ་རག་གི་གཟུགས་རེ་བཞགས། དཀར་བརྒྱ་ནག་སྟོང་བོད་ཀྱི་ཤིང་རིས་བྱང་བུ་འབྲུ་ཟས་ལ་སོགས་པས་ས་བདག་ཀླུ་གཉན་ཀུན་ལ་ཡང་གླུད་འཇལ་ལ། ཞེས་སོ། །འདིས་བསྟན་དོན་ནི་རེ་ཚལ་ལ་གཟིགས། ༢ རྣམ་རྒྱལ་ཕྱྭ་གཡང་དམུ་ཞགས་འཁྱིལ་བའི་ལེའུ་ལས། གཡང་གླུད་སྐྱེལ་ཏེ། བཅའ་སྟངས་ནི། རྣམ་རྒྱལ་སྟོང་མཆོད་སོགས་ཀྱི་ལག་ལེན་དྭངས་ཤེལ་མེ་ལོང་ལས། མི་ལ་བསེ་རག་བཀར་ཡས་ནི། རེ་ཚལ་གཅིག་གི་སྟེང་དུ་ས་ཡི་བང་མིག་དགུ་བཏོད། དེ་སྟེང་དུ་ཐལ་བས་ཚོམ་བུ་དགུ་བླུག་པས་དབུས་སུ་མི་ལུས་རི་བོང་མགོ་ཅན་དང། དེའི་ཕྱི་རིམ་དུ་མི་ལུས་བོང་བུའི་མགོ་ཅན་དང་། བྱའི་མགོ་ཅན་དང་། གཅན་སྤྱང་གི་མགོ་ཅན། ཁྱིའི་མགོ་ཅན། ར་ཡི་མགོ་ཅན། བྱི་བའམ་བྱི་སྦའི་མགོ་ཅན། ཕག་གི་མགོ་ཅན། བུད་མེད་མགོ་ཅན་ལུས་ཅན་དེ་རྣམས་བཀོད། དབུས་ཀྱི་མདུན་དུ་རི་བོང་རྒྱབ་ཏུ་རེ་བའམ། རས་ནག་གི་གེལ་ཏའི་ནང་དུ། གོ་ཐལ། ལྟོ་ཕྱེ་སྡེར་ཞབས་དང་། བྲང་རུས། སྒོག་ཤུན། བྲ་བོ། སྤྲ་ཐོག ཉ་ཁྱི། སྡོམ་སྡིག། སྦུར། རི་བོང་། སྲག་པ། སྐྱ་ག་དེ་དག་གི་སྤུ། ཁྱི། ར། ཕག་གི་ཆུ་འབོག་དང་། ཆག་ཡས་གོད་ཡས་མི་ཁའི་ཡས། བྱུར་ཡས་ཡས་སྟགས་གང་འཛོམས་བླུག་ལ་རྒྱབ་ཏུ་བཀལ། རྩ་སྐྱའི་མི་ལ་འཁྲིད་དུ་བཅུག བསྐྱལ་སྐབས་གླག་གི་སྡེར་མོས་རྒྱབ་ནས་བྲད། མི་ལ་བསེ་རག་ཚང་སྤོ་བྱ། གྲང་མི་མངོན་པའི་ས་རུ་བསྐྱལ། བྱེ་མའི་ལ་དགུ་ལུང་དགུ་བྲིས། ཐོ་དགུ་བརྩེགས་ལ་མ་འོང་བྱ། ཞེས་སོ། །
Domain ཆོས་ལུགས།