102018

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨག་ (1)
Part of speech མིང་ཚིག
Definition མུན་པ་སྟུག་པོ་འཐིབས་པའི་མདོག།
Example སྨན་རུམ་འཐིབས་པའི་མཚན་མོ། སྨག་ནག་ཅེས་པ་ལྟ་བུ།
སྨག་ (2)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྦོམ་ལ་རིང་ཞིང་འདྲོང་བའི་སྟོད་ཆར་ཡལ་ག་གྱེས་པ། ལོ་མ་ཕྲ་ལ་ཞིབ་པ་སྐྱུ་རུ་རའི་ལོ་མ་འདྲ་བ་ཡོད། ཤིང་དེའི་ཕྱི་ལྤགས་དོར་ནས་རྩམ་པ་བཞིན་བཏགས་པར་སྨག་རྩམ་ཞེས་ཟེར་ལ། ཤིང་རྒན་གྱི་ཁོག་ནང་དུ་རང་བཞིན་དུ་སོབ་ནས་ཕྱེ་མ་དམར་སྨུག་ཆགས་པ་དེ་ཡིན། མེ་ཏོག་རྫོང་དང༌། རྫ་ཡུལ། ཀློ་ཡུལ། མོན་ཡུལ། དེ་མིན་ཨེ་ཤ་ཡའི་ཤར་ལྷོའི་ཚ་བ་ཆེ་བའི་ས་ཁུལ་ཁག་དང༌། རྒྱ་གར་སོགས་སུ་སྐྱེ་བ། བག་ཕྱེ་འདྲ་བ་དག་བོད་ཟླ་བརྒྱད་པ་ཙམ་སྟེ་སྟོན་མཚམས་སུ་བཏུས་ཏེ་མ་རུལ་ཉར་ཚགས་བྱས་ནས་སྨན་དུ་སྤྱོད་རྒྱུ། རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་ཚ་ལ་སྐམ་ཞིང་ཡང་བས་ཚ་གྲང་གང་གི་འཁྲུ་བའི་ནད་རིགས་ཀུན་གཅོད་པར་བྱེད་པ་ཡིན།
Domain གསོ་རིག