102057
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། སྨད་མདོ་ཁམས་ལ་སྒང་བརྒྱད་དང་སྒང་དྲུག་ཏུ་ཕྱེ་བའི་ལུགས་གཉིས་སུ་ཡོད་པའི་སྒང་བརྒྱད་ནི། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་རང་རྣམ་ལས། ཚ་བ་སྒང་དང་། སྨར་ཁམས་སྒང་དང་། ལྷོ་རྫའི་སྒང་དང་། རྔུ་རྫའི་སྒང་དང་། ཤར་རྫའི་སྒང་དང་། རྨ་རྫའི་སྒང་དང་། རབ་སྒང་དང་། བུ་འབོལ་སྒང་། ཞེས་འབྱུང་ངོ་། ། |
| Domain | ལོ་རྒྱུས། |