From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྨན་ (1)
| Part of speech
|
མིང་ཚིག
|
| Definition
|
ལུས་ལ་ཕན་ཞིང་ནད་འཇོམས་པར་བྱེད་པའི་གཉེན་པོའི་རྫས་ཏེ། བོད་སྨན་ལྟར་ན་ནང་གསེས་སུ་དབྱེ་ན་རིན་པོ་ཆེའི་སྨན་དང༌། སའི་སྨན། རྡོའི་སྨན། ཤིང་གི་སྨན། རྩིའི་སྨན། ཐང་གི་སྨན། སྔོའི་སྨན། སྲོག་ཆགས་ཀྱི་སྨན་བཅས་བརྒྱད་ཡོད།
|
| Keyword
|
True
|
སྨན་ (2)
| Part of speech
|
མིང་ཚིག
|
| Definition
|
རྫས་སྦྱོར་གྱི་ནུས་པ་ངེས་ཅན་ཡོད་པའི་རྫས་ཀྱི་མིང་སྟེ།
|
| Example
|
སྨན་ནག ཨ་བྲ་གསོད་པའི་སྨན་ཞེས་པ་ལྟ་བུ།
|
སྨན་ (3)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། རང་ལུགས་ནི། དྲི་རོ་རེག་བྱའི་སྐྱེ་མཆེད་གསུམ་གྱི་བདག་ཉིད་གང་ཞིག་ནད་སེལ་བ་ལ་གཙོ་བོར་ཞུགས་པ། ཞེས་གསུངས།
|
| Domain
|
ཆོས་ལུགས།
|
སྨན་ (1)
| Part of speech
|
བྱ་ཚིག
|
| Definition
|
ཕན་པའི་མིང་སྟེ། བརྡ་གསར་རྙིང་གི་ཁྱད་པར་བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད་ལས། རྐྱེན་རྩི་རྐྱེན་སྨན་ནི་ཕན་ཞེས་གསུངས།
|
| Type
|
བརྡ་རྙིང་།
|
| Transitive
|
བྱ་བྱེད་ཐ་མི་དད་པ།
|
| Verb Form
|
གཟུགས་མི་འགྱུར་བ།
|