102085

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨན་གང་བྱིན་གྱིས་བརླབ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། བྱིན་གྱིས་བརླབ་བྱའི་སྨན་ལ་ཁྱད་ཆོས་ལྔ་ལྡན་དགོས་པ་ཡིན་ནོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དང་པོ་ལ། ཁྱད་ཆོས་ལྔ་ལྡན་དགོས་ཏེ། སྨན་ཕྱི་མ་གསུམ་གང་རུང་ཡིན་པ། རུང་བ། རང་གི་ཡིན་པ། ཚད་དང་ལྡན་ཞིང་མངོན་སུམ་ན་ཡོད་པ། སྔར་བྱིན་རླབས་མ་ཟིན་པ་རྣམས་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། དང་པོ་མ་ཡིན་པ་ཉིད་དག་ནི་ནད་པའི་ཕྱིར་རོ་ཞེས་པའི་མདོས་དང་པོ་དུས་རུང་ལ་བྱིན་བརླབས་མི་འཆགས་པར་གྲུབ་པའི་ཕྱིར། གཉིས་པ་དགོས་ཏེ། ལག་ཉར་སོང་བ་སོགས་མི་རུང་བ་ལ་བྱིན་བརླབས་མི་འཆགས་པའི་ཕྱིར། གསུམ་པ་དགོས་ཏེ། གཞན་གྱི་སྨན་རང་གི་བྱིན་གྱིས་བརླབས་ཏུ་མི་རུང་བའི་ཕྱིར། བཞི་པ་དགོས་ཏེ། བྱིན་བརླབས་བྱེད་དགོས་པ་གང་ཞིག ། ཚད་དང་མི་ལྡན་ཞིང་མངོན་སུམ་ན་མི་གནས་པ་ལ་བྱིན་བརླབས་མི་འཆགས་པའི་ཕྱིར། ལྔ་པ་དགོས་ཏེ། བསྐྱར་ནས་བྱིན་རླབས་བྱས་པ་ལ་དགོས་པ་མེད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།