102109

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨན་གྱི་བྱིན་བརླབས་འཇིག་པའི་རྒྱུ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། སྨན་གྱི་བྱིན་རླབས་མེད་པར་བཟོ་བྱེད་ཀྱི་རྐྱེན་ཞེས་པ་དང་དོན་འདྲ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བདུན་པ་བྱིན་བརླབས་འཇིག་པའི་རྒྱུ་ཡོད་དེ། བྱིན་ལེན་འཇིག་པའི་རྒྱུ་བཅུས་འཇིག་ཅིང་། དུས་ཀྱི་འཕེན་པ་ཟད་པ་དང་། སྔགས་ཀྱིས་ཕྱུང་བ་སོགས་ཀྱིས་ཀྱང་འཇིག་པའི་ཕྱིར། སྨན་ལ་ལོངས་སྤྱོད་པའི་ཚུལ་ཡང་ཡོད་དེ། སྨན་ཕྱི་མ་གསུམ་དུས་རུང་དང་བསྲེས་པ་དང་། ཕྱི་མ་གསུམ་ཡང་བསྲེས་པ་ལོངས་སྤྱོད་པར་མི་བྱ་བ་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་བཞག་ནས་ལོངས་སྤྱོད་པར་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།