102116
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། སྨན་སྤྱིའི་མཚན་ཉིད་ལ། མཚན་གཞི་ནི་ཕྱི་རོལ་གྱི་དངོས་པོ་ཙམ་སྟེ། ལུང་ལས་བྲམ་ཟེའི་ཁྱེའུ་དག་འདི་དག་ཐམས་ཅད་ནི་སྨན་ཡིན་ཞེས་དྲང་སྲོང་རྒྱུན་ཤེས་ཀྱིས་བཤད་པ་བཞིན་ནོ། །སྨན་གྱི་ཐ་སྙད་དུ་མཚོན་པའི་མཚན་ཉིད་ནི། དྲོ་རོ་རེག་བྱ་སྟེ་སྐྱེ་མཆེད་གསུམ་འདུས་པའི་བདག་ཉིད་དོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། འདོད་པ་ཁམས་པའི་ལུས་འཚོ་བའི་རྟེན་དུ་གྱུར་པའི་ཁམས་ཟས་གང་ཞིག དྲི་རོ་རེག་བྱའི་སྐྱེ་མཆེད་གསུམ་པོ་གང་རུང་གི་ངོ་བོར་གྱུར་པ་དེ་སྨན་སྤྱིའི་ངོ་བོ་ཡིན་ཏེ། མཛོད་ལས། ཁམས་ཀྱི་ཟས་ནི་འདོད་པ་ན། །སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |