102131
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་ཡེ་སངས་ལྕམ་བརྒྱད་ཀྱི་ནང་ཚན་ཞིག་ཡིན། མཚན་གཞན་ལ་རོ་ཡི་ལྷ་མོ་ཞེས་གསལ། གནས་ནི་དཀྱིལ་འཁོར་ལྷོ་ཤར་ཕོ་བྲང་གླིང་ཆེན་གྱི་ཤར་ཕྱོགས་ལ། ལྷ་སྟེགས་ཀྱི་གདན་ནི་པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་སེར་མོ་རྒྱན་དང་ལྡན་པ་དབུ་ལ་གཡུ་ཡི་འོད་ཟེར་འབུམ་ཕྲག་འཕྲོ་བ། སྐུ་ལ་མཐིང་གི་ན་བཟའ་ལ་འཕྲོ་འདུ་འོད་ཟེར་ཕྱོགས་བཅུར་འཕྲོ་བ། གཡས་པས་གསེར་འཕྲེང་ཀླད་ལ་བསྐོར་ཞིང་གཡོན་པས་བདུད་རྩིའི་བུམ་པ་བསྣམས་སོ། །ཕྲིན་ལས་ནི། འགྲོ་བ་ནད་གདུང་ཅན་ཐམས་ཅད་བདེ་ལ་འགོད་པར་མཛད་པའོ། །ལྷ་མོ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་སང་ངེ་འདུ་འདུ་ན། ཞེས་པའམ་ན་ཡིག་འདི་ཉིད་དོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་བྱེད་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། སང་ངེ་ནི་དབྱིངས། ན་ཡིག་ནི་ལྷ་མོ་འདི་ཉིད་དུ་མཚོན་པའོ། །ཡིག་འབྲུ་སོགས་ཀྱི་བསྐྱེད་གནས་ནི་ལྕེ་རྩ་ལ་གནས་སོ། །བྱེད་ལས་ནི། ལྷ་མོ་འདི་ཉིད་བསྐྱེད་པའི་གཞི་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། གསང་འདུས་ལྟར་ལྷ་ཡབ་ཡུམ་སྦྱོར་ཚུལ་དེའི་དབང་དུ་བྱས་ན། རྟོགས་ན་ཀུན་གྲོལ་ཡེ་ཤེས་དབྱིངས་སུ་དག་པ་དང་མ་རྟོགས་ན་སྒྱུ་མ་རོ་རུ་འཁྲུལ་ལ། གྲོལ་ན་བྱམས་པ་སྤོས་ངད་དང་དུག་སེལ་སྨན་བདག་དང་གཉིས་སུ་མེད་པར་འགྱུར་ལ། མ་གྲོལ་ནའང་གདོས་པའི་ལྕེ་རུ་ཤར་བར་གསུངས་སོ། ། འདི་ལ་གཞུང་རྣམས་སུ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་གསུངས་པ་མཐུན་ཡང་ཡབ་ཡུམ་སྦྱོར་ཚུལ་ལ་མ་མཐུན་པ་འདུག་པས། ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་ལྟར་ན། ཐང་མ་མེ་སྒྲོན་གྱི་ཕྱག་རྒྱའི་ཡུམ་ཡིན་པར་བཤད་ལ། ཐོས་གྲོལ་ལྟར་ན་ཡེ་གཤེན་སེམས་དཔའ་བརྒྱད་ཀྱི་ནང་གསེས་སྣང་བ་མདོག་ཅན་གྱི་ཕྱག་རྒྱའི་ཡུམ་ཡིན། གསང་འདུས་དོན་རྒྱུད་ལྟར་ན་ལྡེ་བོ་གསུང་ཆེན་གྱི་ཕྱག་རྒྱའི་ཡུམ་དུ་གསུངས་སོ། ། |
| Domain | ཆོས་ལུགས། |