102144

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨན་ཆོ་ག་གང་གིས་བྱིན་གྱིས་བརླབ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྨན་ཆོ་ག་གང་གིས་བྱིན་གྱིས་བརླབ་པ་ནི། སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་བྱིན་གྱིས་བརླབས་པ་ཡིན་པའི་ཕྱིར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དྲུག་པ་ཆོ་ག་གང་གིས་བྱིན་གྱིས་བརླབ་པ་ཡོད་དེ། སྦྱོར་བ་དང་། དངོས་གཞི་དང་། མཇུག་གི་སྒོ་ནས་ཤེས་པར་བྱ་བ་ཡིན་པའི་ཕྱིར། དང་པོ་ཡོད་དེ། རུང་ཆུ་གདབ་པ། ལག་པ་བཀྲུས་ཏེ་བྱིན་ལེན་བྱ་བ་སོགས་ཡིན་པའི་ཕྱིར། འདིས་སྔ་དྲོ་རུང་ཆུ་གདབ་ཏུ་རུང་བ་ཡོད་པར་བསྟན་ཏོ། །དངོས་གཞི་ཡོད་དེ། ཐུན་ཚོད་དུ་རུང་བའི་སྨན་ཡིན་ན། བཙུན་པའམ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་སྨན་ཐུན་ཚོད་དུ་རུང་བ་འདི་དག ། བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་བགྱི་བ་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབ་བོ། ཞེས་ལན་གསུམ་བརྗོད་ཅིང་། སྨན་གཞན་ལའང་དེས་རིགས་འགྲེ་བའི་ཕྱིར། གསུམ་པ་མཇུག་ཡོད་དེ། ཐབས་ལེགས་བརྗོད་པ་དེ་ཡིན་པའི་ཕྱིར། སྨན་བྱིན་གྱིས་བརླབ་པ་ལ་དགོས་པ་ཡོད་དེ། གཙོ་བོར་གསོག་འཇོག་གི་ཉེས་པ་དགག་པའི་ཆེད་དུ་ཡིན་པའི་ཕྱིར། ནད་པ་དང་ལམ་ཞུགས་སོགས་ལ་བྱིན་བརླབས་གནང་བའི་རྒྱུ་མཚན་ཡོད་དེ། དེ་རྣམས་ལ་གསོག་འཇོག་གི་ཉེས་པ་འབྱུང་ཉེ་བའི་ཆ་ནས་སོ། །དེས་གང་ཟག་བཞི་པོ་གང་རུང་མ་ཡིན་པའི་དགེ་སློང་ལ་བྱིན་བརླབས་མ་གནང་བའི་རྒྱུ་མཚན་ཀྱང་ཤེས་སོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སྨན་ཆོ་ག་གང་གིས་བྱིན་གྱིས་བརླབ་པ་

|; |@@@ | | }}