102206

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨན་ཟ་དུན་ཏིང་སྒྲོན་མ་གསལ་བ་ (1)
Part of speech མིང་ཚིག
Definition བོན། ཡུམ་སྲས་གཤེན་གསུམ་གྱི་སློབ་མ་ལྷ་ཀླུ་མིའི་གཤེན་གསུམ་གྲགས་པའི་ནང་ཚན་མི་ལུས་བསམ་ལེགས་ཀྱི་ཡུམ་ཡིན་པར་བཤད་དོ། །དེ་ཡང་ཡུལ་མི་ཡུལ་དར་མའི་ཁྲོད་ཤོད། སྐུ་མཁར་ཁྲི་བརྒྱད་རྩེ་གླིང་བྱ་བར་མི་ཡི་རྒྱལ་པོ་ཁྲི་འོད་ཀྱི་ལྕམ་དུ་མཛད་ནས་བཞུགས་པ་ལ། སྲས་སུ་འཆི་མེད་ཡུམ་སྲས་གཤེན་གསུམ་གྱིས་བྱིན་གྱིས་བརླབས་པ་མི་ལུས་བསམ་ལེགས་འཁྲུངས་པར་གྲགས་སོ། །གོང་གསལ་མིང་ཚིག་འགའ་ལ་འབྲི་ཚུལ་གྱི་སྒོ་ནས་དཔེ་གཞན་པའི་ནང་དུ་༼དལ་མ་ཁྲི་ཤོད། སྐུ་མཁར་ཁྲི་བརྒྱ་རྩེ་གླིང་། ཡུམ་སྨྲ་ཟ་དུན་ཏིང་སྒྲོན་མ་གསལ། ༽ཞེས་པ་ཞིག་ཀྱང་འདུག་གོ །
Domain ཆོས་ལུགས།

{{#arraymap:སྨན་ཟ་དུན་ཏིང་སྒྲོན་མ་གསལ་བ་

|; |@@@ | | }}