102214
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། སྨན་ཡུན་ཇི་ཙམ་དུ་བྱིན་གྱིས་བརླབ་པ་ནི། རང་རང་གི་དུས་ཀྱི་མཐའི་བར་དུ་བྱིན་གྱིས་བརླབས་པ་ཡིན་པའི་ཕྱིར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྔ་པ་ཡུན་ཇི་ཙམ་དུ་བྱིན་གྱིས་བརླབས་པ་ཡོད་དེ། རང་རང་གི་དུས་ཀྱི་མཐའི་བར་དུ་བྱིན་གྱིས་བརླབས་པར་གསུངས་པ་དང་། དུས་ལྷག་པ་ལ་བརྟེན་ན་མི་འཆགས་པར་འགྱུར་བའི་ཕྱིར་ཞེས་འབྱུང་བ་ལྟར་རང་རང་གི་དུས་ཀྱི་མཐའི་བར་དུ་བྱིན་གྱིས་བརླབས་པར་བྱ་བ་ཡིན་པའི་ཕྱིར། དེ་ཡིན་ཏེ། ཐུན་ཚོད་དུ་རུང་བའི་སྨན་ནི་ཐུན་ཚོད་ཀྱི་མཐའ་ཚུན་ཆད་དུ་བྱིན་གྱིས་བརླབས་པར་བྱ་བ་དང་། ཞག་བདུན་པའི་སྨན་ནི་ཞག་བདུན་གྱི་དུས་ཀྱི་མཐའ་ཚུན་ཆད་བྱིན་གྱིས་བརླབ་པར་བྱ་བ་དང་། འཚོ་བཅང་གི་སྨན་ནི་ཇི་སྲིད་ནད་ལས་གྲོལ་བའི་དུས་ཀྱི་མཐའ་ཚུན་ཆད་དུ་བྱིན་གྱིས་བརླབ་པར་བྱ་བ་ཡིན་པའི་ཕྱིར། སྐབས་འདིའི་ཐུན་ཚོད་ཀྱི་མཐའ་ཡང་ཡོད་དེ། ཉི་མ་ནུབ་པའི་འོག་ཏུ་འོད་དམར་པོ་ཆགས་པའི་དམར་ཐག་ཆད་པ་དེ་མཚན་མོའི་ཐུན་དང་པོ་དང་། སྐབས་འདིའི་ཐུན་ཚོད་ཀྱི་མཐའ་ཡང་ཡིན་པའི་ཕྱིར། འདི་འདས་མ་ཐག་བྱིན་ལེན་མ་བཤིག་ན་གསོག་འཇོག་ཏུ་འགྱུར་ཞིང་། བྱིན་ལེན་གསར་དུ་བྱས་པ་ནི་སང་གཞུང་ཚིགས་མ་ཡོལ་བར་དུ་གསོག་འཇོག་མེད་པས་ལོངས་སྤྱོད་དུ་རུང་བ་འདུལ་འཛིན་རིན་པོ་ཆེས་བཤད་པ་ལྟར་རང་ལུགས་སུ་བྱའོ། །འདུལ་འཛིན་མང་པོ་ཞིག་ནི། འདི་དང་། སྐྱ་རེངས་འཆར་ཀ་གཉིས་ཀར་བྱིན་ལེན་བཤིག་དགོས་པར་འཆད་པ་དང་། ཁ་ཅིག འདིར་མི་དགོས་ཀྱི་སྐྱ་རེངས་དང་པོ་འཆར་ཀ་ཉིན་མཚན་གྱི་མཚམས་ཡིན་པས་བཤིག་པ་སོགས་ངེས་པར་དགོས་ཞེས་འཆད་པ་ཡང་ཡོད་དོ། །ཁ་ཅིག དུས་རུང་གི་སྨན་ཡིན་ན། དགེ་སློང་གི་སྔ་དྲོའི་དུས་སུ་ལོངས་སྤྱོད་དུ་རུང་བས་ཁྱབ་ཅེས་ཟེར། དེ་མི་ལེགས་ཏེ། མིའི་ཤ་ལོངས་སྤྱོད་དུ་རུང་བའི་སྐབས་མེད་པའི་ཕྱིར། མིའི་ཤ་ནི་རྣམ་པ་ཐམས་ཅད་དུའོ་ཞེས་པའི་མདོ་ལས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |