102227

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨན་རྟ་ (1)
Part of speech མིང་ཚིག
Definition ནད་རང་རང་གི་གཉེན་པོའི་སྨན་རྣམས་རྟ་ཞོན་པ་ལྟར་འཕྲལ་དུ་ནད་ཀྱི་སྟེང་དུ་འཁྲིད་པར་བྱེད་པའི་དོན་ཏེ། རླུང་ལ་བུ་རམ། མཁྲིས་པར་ཀ་ར། བད་ཀན་ལ་སྦྲང་རྩི་བཅས་སོ། །འདི་ནི་བྱེེད་ལས་ཀྱི་སྒོ་ནས་བཏགས་པ་སྟེ། དཔེར་ན་སྐྱེས་བུ་ཞིག་རང་འདོད་པའི་ཡུལ་དུ་མྱུར་བར་སླེབས་དགོས་པའི་ཚེ་རྟ་བཟང་པོ་ཞིག་ལ་ཞོན་ནས་ཕྱིན་ན་མྱུར་དུ་འབྱོར་བ་ལྟར། འདིར་ནད་རང་རང་གི་སྟེང་དུ་སྨན་ནུས་མྱུར་དུ་འཁྲིད་པར་བྱེད་པའི་སྦྱོར་བ་སྨན་གྱི་རྟ་དང། ནད་ཀྱི་མཚན་ཉིད་འཇོམས་ཤིང་སྨན་ཁོང་དུ་འཕུལ་བར་བྱེད་པའི་རྟ་དང་གཉིས་མཆིས་སོ། །
Domain གསོ་རིག

{{#arraymap:སྨན་རྟ་

|; |@@@ | | }}

སྨན་རྟ་ (2)
Part of speech མིང་ཚིག
Definition སྨན་ཁོང་དུ་འཕུལ་ཞིང་ནད་ཀྱི་མཚན་ཉིད་འཇོམས་པའི་རྟ་སྟེ། རླུང་ལ་གར་ཆང༌། མཁྲིས་པར་ཆུ་བསྐོལ་གྲང་མོའམ་ཆུ་བསིལ། བད་ཀན་ལ་ཆུ་བསྐོལ་བཅས་སོ། །

{{#arraymap:སྨན་རྟ་

|; |@@@ | | }}