102240

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨན་ལྟ་བུའི་སེམས་བསྐྱེད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཤེར་ཕྱིན་གྱི་སྟོབས་ཀྱིས་ཉོན་མོངས་པའི་ནད་ཐམས་ཅད་ཞི་བར་བྱེད་པའི་སེམས་བསྐྱེད་ཅིག་ལ་སྨན་ལྟ་བུའི་སེམས་བསྐྱེད་ཅེས་ཟེར། ངོ་བོ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། ཤེས་རབ་དང་ལྡན་པ་ནི་སྨན་ལྟ་བུ་ཡིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར། ཞེས་གསུངས། ས་མཚམས་ནི་ས་དྲུག་པ་ནས་ཐོབ་པར་འདོད་དོ། །
Domain ཆོས་ལུགས།
སྨན་ལྟ་བུའི་སེམས་བསྐྱེད་ (2)
Part of speech མིང་ཚིག
Definition ༡ ཤེས་རབ་ཀྱི་ཕར་ཕྱིན་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། སྨན་ཆེན་པོ་རྩིའི་རྒྱལ་པོ་མཐོང་ན་དགའ་བ་ལྟ་བུ་ཡིན་ཏེ། སྒྲིབ་གཉིས་ཀྱི་ནད་ཞི་བར་བྱེད་པའི་ཕྱིར་རོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། །༢ ཤེར་ཕྱིན་དང་ལྡན་པ་ནི། སྨན་ལྟ་བུ་སྟེ། སྡུག་བསྔལ་བསྐྱེད་པས་ནད་དང་འདྲ་བའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རབ་ཏུ་ཞི་བར་བྱེད་པས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། །