102252
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། སྨན་སྒྲུབ་རྩ་བརྒྱད་སྟོང་གིས་རྣམ་པར་དབྱེ་བ་ལྡེ་མིག་གནད་ཀྱི་གདམས་པ་ཡིག་ཆུང་བཀོད་པ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། སློབ་དཔོན་ཆེན་པོ་ཉིད་ལ་ཞུས་ཏེ༔ བདག་འདྲ་མཁར་ཆེན་བཟས་བཀོད་པའོ༔ ༔ཞེས་གསལ་བ་ལྟར། ཨོ་རྒྱན་པདྨ་འབྱུང་གནས་ལས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་ཏེ་ཡི་གེར་བཀོད་ཅིང་གཏེར་དུ་སྦས་པ་ཉིད། ཕྱིས་སུ་གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་གདན་དྲངས་པའོ། །འདིའི་ནང་དོན་ནི་། དངོས་གྲུབ་ཀྱི་རྩ་བ་སྨན་གྱི་གདམས་པའི་རྩ་བརྒྱད་སྟོང་གི་ཕྱི་ནང་གསང་གསུམ་གྱི་དབྱེ་བ་བསྟན། |