10226

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡང་ས་བཞི་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས་བྱུང་བ་སྟེ། མ་གུས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་ས། བྱས་པ་མི་གཟོ་ཞིང་གཡོ་ལ་བརྟེན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་ས། རྙེད་པ་དང་། བཀུར་སྟི་ལ་ཆགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་ས། ཚུལ་འཆོས་པ་དང་། ཁ་གསག་གིས་རྙེད་པ་དང་བཀུར་སྟི་སྒྲུབ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཡང་སའོ། །
Domain ཆོས་ལུགས།