102272
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བཀའ་བརྒྱུད་ཆུང་བརྒྱད་ཀྱི་ཡ་གྱལ་ཞིག རྗེ་ཕག་མོ་གྲུ་པའི་སློབ་མ་ཆོས་རྗེ་སྨར་པ་གྲུབ་ཐོབ་ཤེས་རབ་ཡེ་ཤེས་ལས་བརྒྱུད་པ་ཞིག་ཡིན། གྲུབ་མཐའ་འདི་ལ་སྨར་པ་བཀའ་བརྒྱུད་ཅེས་པར། ཕག་མོ་གྲུ་པའི་སློབ་མ་རྣམས་ལས་བླ་མ་འདི་ཉིད་འཁྲུངས་ཡུལ་སྨར་ཁམས་སྒང་ནས་ཡིན་པས་བླ་མའི་མིང་ལ་ཆོས་རྗེ་སྨར་པ་ཞེས་གྲགས། ཆོས་རྗེ་སྨར་པས་དགུང་ལོ་སོ་གཉིས་པར་རང་ཡུལ་སྨར་ཁམས་སྒང་དུ་གདན་ས་ཆེན་མོ་དཔལ་གྱི་ཤོ་དགོན་ཕྱག་བཏབ་ནས་གདན་ས་བསྐྱངས་ནས་བཞུགས་པའི་གྲུབ་མཐའ་ལ་སྨར་ཚང་བཀའ་བརྒྱུད་ཅེས་གྲགས། |