102292
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་བདུན་པའི་སྨད་དུ་གྲ་ཕྱི་ཁུལ་དུ་འཁྲུངས། ཆུང་ངུའི་དུས་ནས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཞུགས། ཐ་སྙད་རིག་གནས་ཀྱི་སྐོར་དང་། ནང་དོན་རིག་པའི་སྐོར་ལ་མཁས་པར་སྦྱངས། ལོ་ཆེན་དྷརྨ་ཤྲཱི་ལས་དབང་ལུང་མན་ངག་མང་དུ་ཞུས། ལྷ་སར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བསྟེན། གསོ་རིག་གཞུང་ལུགས་རབ་འབྱམས་ལ་ཡང་དག་པར་སྦྱངས། མན་ངག་ལྷན་ཐབས་ཀྱི་ཡང་གསལ་གསང་སྨན་གབ་ཚིག་ཞལ་ཤེས་སྦྱོར་ཚད་སོགས་མ་སྦས་ལྷུག་པར་བཤད་པ་བདུད་རྩིའི་གཏེར་བུམ་མཁའ་འགྲོའི་གཏད་རྒྱའི་རྒྱ་མདུད་བཀྲོལ་བ་རིན་ཆེན་གསེར་གྱི་ལྡེ་མིག་ཅེས་པ་ཕྱོགས་བསྒྲིགས་གནང་། རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག་ཕྱི་ལོ ༡༧༡༢ ལོར་མན་ངག་ཡོན་ཏན་རྒྱུད་ཀྱི་གཅེས་བསྡུས་ཀྱི་ཟུར་རྒྱན་ཕྱི་མ་ལྡེ་མིག་སྦས་དོན་ཀུན་གསལ་ཞེས་པ་བརྩམས། སྐུ་ཚེའི་སྨད་དུ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་སྨན་པ་མཛད། མཚན་གཞན། ཚེ་རིག་འཛིན་པ་ངག་དབང་སངས་རྒྱས་དཔལ་བཟང་། |