102297

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨིན་དྲུག་ཟླ་བ་ (1)
Part of speech མིང་ཚིག
Definition ཉ་སྐར་ལ་བརྟེན་ནས་བཏགས་པའི་འཕགས་ཡུལ་དང་ཤམ་བྷ་ལའི་ལུགས་ཀྱི་ཟླ་མིང་ཞིག་སྟེ། ཡར་ཚེས་བཅོ་ལྔའི་མཚན་མོར་ཉ་གང་ཟླ་བ་དང་ལྷན་དུ་ནམ་སྐྱེལ་བའི་སྐར་མ་ནི་སྨིན་དྲུག་ཡིན་པའི་ཚེས་ཟླ་དེའི་མིང་གི་ཐ་སྙད་ཡིན། ཟླ་བ་དེ་ནི་ཧོར་ཟླ་དགུ་པའི་ཚེས་བཅུ་དྲུག་ནས་བཅུ་པའི་བཅོ་ལྔའི་བར་ཡིན་ཡང་རྒྱུན་སྤྱོད་ལྟར་ན་ཧོར་ཟླ་བཅུ་པའི་ཚེས་གཅིག་ནས་སུམ་ཅུའི་བར་ལ་ངོས་འཛིན་བྱེད་པ་ཡིན། དེ་ལུགས་གཞན་དང་ལྟོ་སྦྱར་ན་འབྱུང་རྩིས་པའི་ལུགས་ཀྱི་གླང་ཟླ་དེ་དགུན་ཐ་དང་། རྟེན་འབྲེལ་པའི་ལུགས་ཀྱི་སྐྱེ་བའི་ཟླ་བ། བོད་རྒྱལ་པོའི་ལུགས་ཀྱི་སྟོན་ཟླ་ཐ་ཆུང་། ཉི་མ་གང་དུ་གནས་པའི་ཁྱིམ་གྱི་ཆ་ནས་བཏགས་པའི་སྡིག་གི་ཁྱིམ་ཟླ་བཅས་ཡིན།
Domain རྩིས་རིག