102306

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨིན་བྱེད་ཀྱི་ཡིག་འབྲུ་ལྔ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་གཙོ་འཁོར་ཚུལ་དུ་བཞུགས་པའི་ཞི་ལྷ་ལྔའི་ས་བོན་གྱི་ཡིག་འབྲུ་ལྔ་སྟེ། ཧཱུྃ། ཧུ། ཧི། ཧོ། ཧེ་དང་ལྔའོ། །དེ་དག་ནི་རིམ་པ་བཞིན་དུ། ཁྲི་རྨང་གཤེན་ཆེན། རྒུན་གྱི་རྒྱལ་མོ། ལྷ་མོ་ཐུགས་རྗེའི་ལྕགས་ཀྱུ་མ། གཙུག་གཤེན་རྒྱལ་བ། སེར་མོ་ཐོར་གཙུག་མ་དང་ལྔའི་སྐྱེད་བྱེད་ཀྱི་ས་བོན་ཡིན་ནོ། །སྐྱེད་ཚུལ་ནི། དཀྱིལ་འཁོར་བྱང་ནུབ་ཀྱི་དབུས་ཀྱི་ལྟེ་བ་དང་། དེའི་བྱང་། ནུབ། ལྷོ། ཤར་གྱི་པད་མ་རྣམས་ལ་རིམ་བཞིན་དུ། ལྷ་ལྔ་གཙོ་འཁོར་དེ་རྣམས་ས་བོན་ཡིག་འབྲུ་དེ་ལྔ་ལས་པད་མ་ཁ་ཕྱེས་པ་ལྟར་བསྐྱེད། ཅེས་གསུངས་སོ། །དགོས་པ་ནི། གཞུང་ལས། སེམས་ཅན་སྒྲིབ་པ་དག་ཕྱིར་བདག་གིས་གསལ་བར་བསྐྱེད། །ཅེས་པ་ལྟར་རོ། །
Domain ཆོས་ལུགས།