102308
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། བུམ་དབང་སོར་བསམ་གྱི་སྨིན་བྱེད་དང་། གསང་དབང་སྲོག་འཛིན་གྱི་དང་། འཇིག་རྟེན་པའི་ཤེར་དབང་རྗེས་དྲན་གྱི་དང་། འཇིག་རྟེན་ལས་འདས་པའི་དབང་བཞི་པ་ཚིག་གི་དབང་དུ་བྱས་པ་ནི་ཏིང་ངེ་འཛིན་གྱི་ཡན་ལག་གི་སྨིན་བྱེད་བགོ་སྐལ་དུ་ཐོབ་པ་དང་། སྤྱིར་ཡན་ལག་ལྷག་མ་ལྔ་པོའི་ཡང་ངོ་། །དབང་གོང་མ་བཞི་ནི་རྫོགས་རིམ་གྱི་དངོས་ཀྱི་སྨིན་བྱེད་དང་། འབྲས་བུ་སྐུ་བཞི་རྒྱུད་ནས་སྨིན་པར་བྱེད་པའོ། ། |
| Domain | ཆོས་ལུགས། |