102335
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདུང་རྩེ་སྨུག་པོ་སྟེ། དེ་ཡང་རྡོ་སྲ་མཁྲེགས་ལྕི་ལ་འཇམ་ཞིང་སྣུམ་པར་འོད་མདངས་ཡོད་ཅིང༌། ཆེ་ཆུང་ངེས་མེད་ཕལ་ཆེར་དཀར་པོ་ཆིག་ཐུབ་ལས་ཆུང་བ། དབྱིབས་རྩ་བ་སྦོམ་ཞིང་རྩེ་ཕྲ་བ་མདུང་གི་རྩེ་འདྲ་བ། ཇི་ལྟར་བཅག་ཀྱང་མདུང་རྩེ་དོད་པ། བཅག་འཕྲོ་རྒྱ་ཁབ་གཤིབས་པ་ལྟར་ཞིག་ཅིང་རྣོ་ལ་སྣ་རིང་བ་ཡོད་དེ། དོན་དུ་རྡོ་དམར་སྨུག་རི་མོ་བྲིས་ན་སྨུག་པོ་དོད་པ། རྡོ་སྨུག་པོ་སྦལ་རྒྱབ་སོགས་ལས་ཅུང་ཟད་ཙམ་ཆུང་བ་མ་གཏོགས་དབྱིབས་དེ་དག་དང་འདྲ་ལ་བརྡུང་ཚེ་རྟ་སྤུ་ལྟར་ཞིག་པ་གང་ཞིག་རིགས་དཀར་སྨུག་གཉིས་འབྱུང་བ་ལ་རང་བྱུང་གཏེར་རྡོའི་རིགས་གང་ཞིག་རོ་ཁ་ལ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཞིང་རྣོ་བས་བརྡབས་ཆག་རིགས་ཀྱིས་རུས་པར་གས་ཆག་བྱུང་བ་དང༌། ཀླད་པར་རྨས་སྐྱོན་ཤོར་བ། རྣག་དང་ཆུ་སེར་འཛག་པའི་རིགས་ལ་ཕན་པར་མ་ཟད། ཁྱད་པར་དུ་མིག་ཤེད་ཉམས་པ་དང༌། མིག་ལ་སྐྱ་འགྲིབ་འཁོར་བ་སོགས་ལ་ཕན་པ་ཞིག་ཡིན། |
| Domain | གསོ་རིག |