102345

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨུག་པོ་སྦལ་རྒྱབ་ (1)
Part of speech མིང་ཚིག
Definition རྒྱུ་ལྕགས་རྡོའི་རིགས་ཡིན་པའི་གཏེར་རྡོ་སྨུག་པོ་སྣུམ་ཞིང་འཇམ་ལ་ལྕི་བ་འོད་འཚེར་བའི་རྒྱབ་ཏུ་སྦལ་པའི་རྒྱབ་ཀྱི་པགས་རིས་འདྲ་བའི་འབྲུམ་པ་འཇམ་པོ་ཡོད་ཅིང༌། བཅག་ཚེ་རྒྱ་ཚྭ་བཅག་པ་དང་འདྲ་བར་སུལ་རིས་ཡོད་པ་ཞིག་དང༌། དབྱིབས་དང་མདོག་ལ་སོགས་པ་སྔ་མ་ལྟར་ལ་རྒྱབ་ཏུ་སྦལ་རྒྱབ་འདྲ་བའི་འབྲུམ་འཇམ་གྱི་རི་མོ་མེད་པ་འཇམ་ཞིང་འོད་འཚེར་བ་ལེགས་པར་བཏུལ་ན་ཚོན་རྩི་སྨུག་པོ་སྤུས་ལེགས་འཆོས་པ་སོགས་ཡོད་པ་ལས། ཕོ་སྦལ་ནི་རྡོ་སྨུག་སྲ་ལ་མཁྲེགས་པ། རྒྱ་སྐྱེགས་ཀྱི་དབྱིབས་ལྟར་ལེབ་མོ་ལ་ཕྱི་ལ་འབྲུམ་པ་འོད་དུ་འཚེར་བ་སྦལ་པའི་རྒྱབ་ལྟར་ཡོད་པ། རྡོ་ལ་རི་མོ་བྲིས་ན་ཁམ་སེར་དོད་པ། བཅག་ན་རྡོ་ཡི་སྣུ་ཚུལ་རྒྱ་ཚྭ་བཅག་པ་ལྟར་འཇམ་ཤིག་གེ་བ། བརྡུང་ཚེ་དྲི་ཞིམ་པའོ། །མོ་སྦལ་ནི་སྔ་མ་ལྟ་བུ་ལ་འབྲུམ་པ་མེད་པ་དང༌། སྨུག་པོ་སླེ་སོལ་བཅག་འདྲའི་གསེང་དུ་དམར་སྨུག་འཇམ་འབོལ་ཚོན་དམར་སྨུག་ཏུ་སྦྱར་ཉན་པ་ཞིག་ཡོད་པ་བཅས་མོ་རིགས་གཉིས་ཏེ་ཡོངས་གྲགས་རང་བྱུང་གཏེར་རྡོའི་རིགས་ལས་བྱུང་བའོ། །རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་ཅུང་དྲོ་བ་དང་ལྡན་པས་བྱང་ཁོག་ལ་སོགས་པའི་ཆུ་སེར་འཕུལ་བའམ་འདྲེན་ཞིང་སྐེམ་པ་དང༌། རུས་པའི་ལྷ་བ་འཛིན་པར་བྱེད་ལ། བརྡབས་ཆག་རིགས་ཀྱིས་རུས་པར་གས་ཆག་བྱུང་བ་དང༌། ཀླད་པར་རྨས་སྐྱོན་ཤོར་བ། རྣག་དང་ཆུ་སེར་འཛག་པ་སོགས་ལ་ཕན་པ་ཞིག་གོ །